མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་དང་ ཨའི་ཨོ་སིའི་གཙོ་འཛིན་ ཐོ་མཱསི་བེཆ།

མི་དབང་རྒྱལ་སྲས་མཆོག་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ འཐུས་མི་སྦེ་ བསྐོ་བཞག་གནང་ཡོདཔ།

༉ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ བུ་ནོསི་ཨེ་ཡརསི་ལུ་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ ཞལ་འཛོམས་ཐེངས་༡༣༣ པའི་ནང་ ཨའི་ཨོ་སི་ཟེར་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ འཐུས་མི་སྦེ་ བསྐོ་བཞག་གནང་ནུག།

ཟླཝ་འདི་ནང་ བུ་ནོསི་ཨེ་ཡརསི་ལུ་ ན་གཞོན་ཨོ་ལིམ་པིག་རྩེད་འགྲན་གྱི་ཧེ་མར་འཚོགས་མི་ ཞལ་འཛོམས་ནང་ ཚོགས་སྡེའི་དོན་ལུ་ འཐུས་མི་གསརཔ་ཚུ་ བཙག་འཐུ་འབད་མི་དེ་ཡང་ དུས་ཅི་ སྤྱི་ཟླ་༧ པའི་ནང་ ཨེའི་ཨོ་སི་འཛིན་སྐྱོང་བཀོད་ཚོགས་ཀྱིས་ གྲོས་འཆར་བཙུགས་མི་དང་འཁྲིལ་ཨིན་པས།

འཐུས་མི་གསརཔ་ཚུ་ གསལ་བསྒྲགས་འབད་བའི་སྐབས་ ཨའི་ཨོ་སིའི་གཙོ་འཛིན་ ཐོ་མཱསི་བེཆ་གིས་ བཤད་མིའི་ནང་ འཐུས་མི་གསརཔ་ཚུ་གི་ ཁྱད་རིག་ཚུ་ལས་ ཨོ་ལིམ་པིག་ལས་དོན་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་མ་ཚད་ རྩེད་རིགས་ཚུ་ནང་ ཡོན་ཏན་རྒྱ་ཆེཝ་སྦེ་ཡོད་མི་དེ་གིས་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ འཐུས་མི་ཚུ་ལུ་ ཧེང་སྐལ་ར་ ནུས་ཤུགས་དང་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།

མི་དབང་རྒྱལ་སྲས་མཆོག་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ནང་ རྒྱལ་ཚབ་དང་ གཙོ་འཛིན་ཨིནམ་མ་ཚད་ འབྲུག་རྒྱལ་ཁབ་ནང་ རྩེད་རིགས་གོང་འཕེལ་གཏང་ཐབས་ལུ་ ཚེོགས་སྡེ་དང་ ལུས་རྩལ་ཚུ་ནང་ མཉམ་འབྲེལ་གང་དྲག་ཐོག་ ཕྱག་ལཱ་མཛད་ཡོད་པའི་གནས་ཚུལ།

About admin

Check Also

མི་སྡེའི་དགོས་མཁོ་བསྒྲུབ་ནི་ལུ་ གདོང་ལེན་དང་གོ་སྐབས་ཚུ་ བསྐྱར་ཞིབ་འབད་དགོཔ།

༉ རྒྱལ་ཁབ་ནང་ ཆུ་ལུ་བརྟེན་པའི་གློག་མེ་ལས་འགུལ་ཚུ་ དུས་ཐོག་སྒྲུབ་མ་ཚུགས་པར་ ཡུན་འགྱངས་ལུས་པའི་ གནད་དོན་ཚུ་ ང་བཅས་ར་ ཤེས་རྟོགས་འབྱུང་དགོཔ་འདུག། བཙག་འཐུ་ལས་གྲུབ་པའི་ གཞུང་གསུམ་ཆ་ར་ གློག་མེ་ལས་འགུལ་ཚུ་གི་ བཟོ་སྐྲུན་དང་གོང་འཕེལ་ནང་ འབྲེལ་གཏོགས་ཡོདཔ་བཞིན་དུ་ ཆ་མཉམ་གྱིས་ ཡུན་འགྱངས་ལུས་པའི་རྒྱུ་མཚན་ …

Leave a Reply

Your email address will not be published. Required fields are marked *