མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ ནའེ་རོ་བི་ལུ་ ཆིབས་སྐྱོད་གནང་ནི།

༉ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ སྤྱི་ཟླ་༡༡ པའི་ཚེས་༡༢ ལས་༡༤ ཚུན་ ནའེ་རོ་བི་ལུ་ རྒྱལ་སྤྱི་མི་འབོར་དང་ གོང་འཕེལ་ཞལ་འཛོམས་ཐེངས་༢༥ པའི་ནང་ འབྲུག་གི་ ཆེ་རིམ་སྡེ་ཚན་ཅིག་ དབུ་ཁྲིད་འབད་དེ་ འབྱོན་ནི་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མི་དབང་རྒྱལ་ཡུམ་མཆོག་དང་གཅིག་ཁར་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་དང་ གཞུང་གི་འགོ་དཔོན་ཚུ་ འགྱོ་ནི་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ འདས་པའི་ལོ་ངོ་༢༠ འི་རིང་ འཛམ་གླིང་སྤྱི་ཚོགས་མི་འབོར་མ་དངུལ་གྱི་ ལེགས་སྨོན་སྐུ་ཚབ་སྦེ་ ཕྱག་འགན་བཞེས་པའི་ ངོས་འཛིན་ལུ་ འཕྲལ་ཁམས་ཅིག་ཁར་ རྟགས་མ་ཅིག་ ཕུལ་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ མི་དབང་རྒྱལ་ཡུམ་མཆོག་གིས་ ཆེ་རིམ་གནས་ཚད་ཀྱི་ ཨམ་སྲུའི་འགོ་ཁྲིདཔ་ཚུ་ལུ་ འགོ་འབྱེད་གསལ་བཤད་གནང་ནི་ཨིནམ་མ་ཚད་ མི་དབང་རྒྱལ་ཡུམ་མཆོག་གིས་ རྒྱལ་སྤྱི་དང་ལུང་ཕྱོགས་ནང་ སྤྱི་དོན་ལུ་ རྒྱབ་སྐྱོར་འབད་མི་ཚུ་ལུ་ རྟགས་མ་ཡང་ གནང་ནི་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་དང་ གོང་འཕེལ་ལས་སྡེ་ཚུ་དང་གཅིག་ཁར་ ཆེ་རིམ་གྱི་ ཞལ་འཛོམས་དང་ ལས་རིམ་ཁག་མ་འདྲཝ་ཚུ་ནང་ཡང་ གྲལ་གཏོགས་གནང་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཞལ་འཛོམས་འགོ་དང་པ་དེ་ སྤྱི་ལོ་༡༩༩༤ ལུ་ ཀའི་རོ་ལུ་སྦེ་ འཚོགས་པའི་སྐབས་ གཞུང་༡༧༩ གིས་ མ་འོངས་པའི་དམིགས་གཏད་ཐོག་ལས་ མིའི་བདེ་སྡུག་བཟོ་ཐབས་ལུ་ ཨམ་སྲུ་དང་ཕོ་སྐྱེས་ལུ་ གཞི་བཞག་ཐོག་ལས་ སྐྱེ་རྒྱུན་དང་ འདོད་སྤྱོད་འཕྲོད་བསྟེན་ལུ་ གཞི་བཞག་སྟེ་ འགོ་བཙུགས་ཡོདཔ་ཨིན་པས།
ཞལ་འཛོམས་དེ་གིས་ རྒྱལ་སྤྱི་མི་རློབས་དང་གོང་འཕེལ་ཞལ་འཛོམས་ཀྱི་ ལས་རིམ་ཚུ་ བསྟར་སྤྱོད་འབད་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ དབུ་ཁྲིདཔ་ཚུ་དང་ མི་སྡེ་ལས་ཚོགས་ གཞན་ཡང་ ཚོང་འབྲེལ་ལས་སྡེ་དང་མཁས་མཆོག་ དེ་ལས་ སྐྱེ་རྒྱུན་གྱི་དབང་ཆ་ལུ་ རྒྱབ་སྐྱོར་འབད་མི་ འགོ་ཁྲིདཔ་ཚུ་ གཅིག་ཁར་འཛོམས་ཏེ་ སྲིད་ཀྱི་ཐོག་ལས་ གྲོགས་རམ་འབད་ནི་དང་ མ་དངུལ་གྱི་གྲོགས་རམ་ཚུ་ འཚོལ་ནི་ལུ་ཨིན་པས།
ཞལ་འཛོམས་སྐབས་ ཁས་ལེན་གྱི་གཞི་རྩ་ངོ་མ་ར་ ཨའི་ལུ་ཤི་རྐྱེན་བྱུང་མི་དེ་ རྩ་མེད་གཏང་ནི་དང་ ཨ་ལོ་དང་ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་ཀྱི་རིགས་ཚུ་ རྩ་མེད་གཏང་ཐབས་ལུ་ གཞི་བཞག་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ས་དོང་ཊ་ནཱལ་༡ པ་དང་༢ པའི་ཆུ་དུང་མཐུད་སྦྲེལ་འབད་ཡོདཔ་ད་ ས་འོག་གི་ ཆུ་དུང་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ འཕྲུལ་རྟ་ཨེབ་ཐོག་ལས་ ས་དོང་ཊ་ནཱལ་༢ ཀྱི་བར་ན་ གས་རྫས་ལག་ལེན་འཐབ་སྟེ་ …

Leave a Reply

Your email address will not be published. Required fields are marked *