མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཤྲཱི་ལངྐའི་དོན་ལུ་ སྨོན་འདུན་གནང་ཡོདཔ།

༉ ཁ་ཙ་ འབྲུག་གི་མི་སེར་ཚུ་གི་ མགྲིན་ཚབ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ རེས་གཟའ་ཟླ་བ་ལུ་ ཤྲཱི་ལངྐ་ལུ་ རྫས་བམ་རིམ་པ་བཞིན་དུ་གས་ཐོག་ གནོདཔ་བཀལ་མིའི་ནང་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་ སྨོན་འདུན་གནང་ཡོདཔ་མ་ཚད་ དཀར་མེ་སྟོང་མཆོད་ཕུལ་གནང་ནུག།
བསྔོ་སྨོན་ལས་རིམ་ནང་ བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
རེས་གཟའ་ཟླ་བ་ལུ་ མི་ཚུ་ ཤྲཱི་ལངྐའི་རྒྱལ་ས་ ཀོ་ལོམ་བོ་དང་ ནེ་གོམ་བོ་ བ་ཊི་ཀ་ལའོ་ལུ་ ལྷ་ཁང་དང་ ཟ་ཁང་ཚུ་ནང་ ཨིསི་ཊར་ཟེར་མི་ མ་ཤི་ཀ་འདས་ལོག་བྱོན་པའི་ དུས་དྲན་བརྩི་སྲུང་དང་ གསོལཝ་བཏབ་པའི་སྐབས་ རྫས་བམ་༨ གས་མི་ཚུ་ནང་ མི་༢༩༠ ལྷགཔ་ཅིག་གི་ ཚེ་སྲོག་ལུ་ བར་ཆད་བྱུང་ཡོདཔ་མ་ཚད་༥༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤྲཱི་ལངྐའི་སྲིད་འཛིན་ མའི་ཐི་རི་པ་ལ་ སི་རི་སེ་ན་ལུ་ ཐུགས་གསོའི་གསུང་འཕྲིན་ཅིག་ གནང་མིའི་ནང་ འབྲུག་པའི་མི་སེར་ཚུ་ཡང་ ཤྲཱི་ལངྐའི་མི་སེར་དང་ ཅོག་ར་འཐབ་སྦེ་ མྱ་ངན་ཕོག་སྟེ་ཡོད་ཟེར་ བཀོད་གནང་ནུག།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཁབ་ནང་ གཞུང་འབྲེལ་ལྟ་སྐོར་ལུ་ལྷོད་མི་ རྒྱ་གར་དམག་སྡེའི ལག་ལེན་བདག་སྐྱོང་གི་ ཡོངས་ཁྱབ་མདོ་ཆེན་ གུང་བློན་གོངམ་ ཨ་ནིལ་ ཅའོ་ཧཱན་དང་ མཇལ་ཕྲད་མཛད་གནང་ཡོད་པའི་གནས་ཚུལ།

མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་རྒྱ་དང་འཁྲིལ་ བཀྲིས་ཆོས་རྫོང་ནང་ བསྔོ་སྨོན་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དང་གཅིག་ཁར་ རྫོང་གཞིས་དང་ ལྷ་ཁང་གཞན་ཚུ་ནང་ཡང་ དམིགས་བསལ་གྱི་ སྨོན་ལམ་ཚུ་ གནང་པའི་བསྒང་ཡོད་མི་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ལྷུན་རྩེ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ བསྔོ་སྨོན་གནང་ཡོདཔ་མ་ཚད་ ལྕང་སྒང་ཁ་ལྷ་ཁང་ནང་ སྤྱན་རས་གཟིགས་སྨོན་ལམ་དང་ སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་ བཟང་སྤྱོད་སྨོན་ལམ་གནང་སར་ མར་མེ་སྟོང་མཆོད་ཕུལ་ཡོདཔ་ད་ སེམས་རྟོགས་ཁ་རྫོང་ནང་ ཉིན་གྲངས་གསུམ་གྱི་རིང་ མི་འཁྲུགཔ་སྟོང་མཆོད་གནང་དོ་ཡོདཔ་ཨིན་པས།
འབྲུག་དང་ ཤྲཱི་ལངྐའི་བར་ན་ ནང་པའི་ཆོས་ལུ་བརྟེན་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་མཉམ་རོགས་ཨིནམ་ལས་ མཐུན་ལམ་དམ་ཟབ་ཡོདཔ་ད་ འབྲུག་གིས་ ལོ་བསྟར་བཞིན་དུ་ སློབ་ཕྲུག་ལེ་ཤ་ཅིག་ ཤྲཱི་ལངྐ་ལུ་ གསོ་བའི་སློབ་སྦྱོང་འབད་བར་ བཏངམ་མ་ཚད་ འབྲུག་གི་ཌོག་ཊར་ལེ་ཤ་ཅིག་ རྒྱལ་ཁབ་དེ་ནང་སྡོད་དེ་ སློབ་སྦྱོང་འབད་བའི་ དམིགས་བསལ་གྱི་ འབྲེལ་བ་ཡོདཔ་ཨིན་པས།
ཤེས་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཤྲཱི་ལངྐ་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

གནས་ཚུལ་མདོར་བསྡུས།

འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བཱོཇ་དང་ རྒྱལ་འཛིན་ཞིབ་འཚོལ་དང་ བློ་གྲོས་ཚོགས་སྡེའི་ཁྲི་འཛིན་ ཁྲིམས་སྤྱི་བློན་པོ་བགྲེསཔ་ བསོད་ནམས་སྟོབས་རྒྱས་༢ ཀྱིས་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཐིམ་ཕུག་ནི་རུ་དབང་ཕྱུག་ལམ་སྲོལ་ལྟེ་བའི་ནང་ འབྲུག་འགྲེམ་ལས་འཛིན་གྱིས་ པར་སྐྲུན་འབད་མི་ …

Leave a Reply

Your email address will not be published. Required fields are marked *