མི་དབང་མཆོག་གིས་ སློབ་གཉེར་གྲོགས་རམ་ཐོབ་མི་ སློབ་ཕྲུག་ཚུ་དང་མཇལ་ཕྲད།

༉ ཁ་ཙ་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ སློབ་གཉེར་གྲོགས་རམ་ཐོབ་མི་ སློབ་ཕྲུག་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ད་ སློབ་གཉེར་གྲོགས་རམ་དེ་ ཤེས་རིག་ལྷན་ཁག་གིས་ བྱིནམ་ཨིན་པས།
སློབ་རིམ་༡༢ པ་མཇུག་བསྡུ་མི་ སློབ་ཕྲུག་༡༤༤ གིས་ འཛམ་གླིང་ནང་གི་ གཙུག་ལག་སློབ་སྡེ་ཁག་སོ་སོའི་ནང་ གཞུང་གིས་ མ་འོངས་པ་ལུ་ རྒྱལ་ཡོངས་མི་སྟོབས་ཀྱི་ དགོས་མཁོ་ལུ་ དམིགས་འཆར་བཀོད་མི་དང་འཁྲིལ་ མཐོ་རིམ་ཤེས་ཡོན་ཧྲིལ་བུ་ སྦྱང་བརྩོན་འབད་ནི་ཨིན་པས།
མཇལ་ཕྲད་མཛད་གནང་པའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤེས་ཡོན་དེ་ འཚོ་སྐྱོང་འཐབ་ནིའི་དོན་ལུ་ སྦྱང་བརྩོན་འབད་ནི་རྐྱངམ་གཅིག་མེན་པར་ སློབ་ཕྲུག་ཚུ་གི་ ལྕོགས་གྲུབ་དང་ འཇོན་ཐངས་ཧྲིལ་བུ་ གཡོག་བཀོལ་ནི་གི་ གོ་སྐབས་ཅིག་ཡང་ཨིན་ཟེར་ གསུངས་གནང་ནུག།
སློབ་ཕྲུག་ཚུ་གིས་ རྒྱལ་ཡོངས་བདུན་སྐྱོད་ནང་ བཅའ་མར་གཏོགས་ནི་ལུ་མཁོ་བའི་ རིག་རྩལ་གོང་འཕེལ་གཏང་ནིའི་དོན་ལུ་ ལཱ་འབད་དགོཔ་མ་ཚད་ འཛམ་གླིང་མགྱོགས་དྲགས་སྦེ་ སོར་བསྒྱུར་འགྱོ་བའི་ མདུན་ལམ་ནང་ཞུགས་པའི་ ནམ་དུས་ལུ་ རྒྱལ་ཁབ་ཀྱི་ གོང་འཕེལ་ལུ་ རྒྱབ་སྐྱོར་འབད་དགོ་ཟེར་ མི་དབང་མཆོག་གིས་ གསུངས་གནང་ཡོདཔ་ཨིན་པས།
ད་རུང་ སློབ་ཕྲུག་ཚུ་གིས་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ཡོད་མི་ སློབ་ཕྲུག་མཉམ་རོགས་ཚུ་གི་ནང་ལས་ དྲག་ཤོས་ཐོན་ཡོད་བཞིན་དུ་ གཞན་ཚུ་དང་ དོ་འགྲན་འབདཝ་ད་ བླ་ན་མེདཔ་དང་ ཁྱད་འཕགས་འཐོན་ཚུགསཔ་འབད་དགོ་ཟེར་ མི་དབང་མཆོག་གིས་ སློབ་ཕྲུག་ཚུ་ལུ་ དྲན་གསོ་དང་འདྲཝ་སྦེ་ གསུངས་ཡོད་པའི་གནས་ཚུལ།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *