ཁ་ཙ་ མི་དབང་མངའ་ཞབས་མཆོག་གིས་ འབྲུག་མི་ཚུ་གི་དོན་ལུ་ གནས་སྐབས་སྡོད་གནས་ཁང་ཚུ་ བཟོ་སྐྲུན་འབད་ནི་ཨིན་མི་ ས་ཁོངས་གཟིགས་ཞིབ་གནང་པའི་བསྒང་།

མི་དབང་མངའ་ཞབས་མཆོག་ ཕུན་ཚོགས་གླིང་ལུ་ཕེབས་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཕུན་ཚོགས་གླིང་ལུ་ ཆིབས་སྐྱོད་གནང་མི་དེ་ཡང་ འབྲུག་གི་ས་མཚམས་ཚུ་ སྒོ་བསྡམས་མི་དང་ རྒྱ་གར་ལུ་ ཉིན་གྲངས་༢༡ གི་རིང་ རྒྱལ་ཁབ་སྒོ་བསྡམས་མི་ལུ་བརྟེན་ རྒྱ་གར་ལས་ རྒྱལ་ཁབ་ནང་ ཉེར་མཁོའི་ཅ་ཆས་ཚུ་ ཐོགས་ཆགས་མེད་པར་ འཕྲོ་མཐུད་དེ་ར་ བཀྲམ་སྤེལ་འབད་ཚུགསཔ་ ངེས་བརྟན་བཟོ་ནི་གི་དོན་ལས་ ལག་ལེན་འཐབ་མི་ འཆར་གཞི་ལས་སྣ་ཚུ་ལུ་ གཟིགས་ཞིབ་གནང་པར་ཨིན་པས།
ཕུན་ཚོགས་གླིང་ལུ་བཞུགསཔ་ད་ མི་དབང་མངའ་ཞབས་མཆོག་གིས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་གི་ གནས་སྐབས་སྡོད་གནས་ཁང་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ གདམ་ཁ་རྐྱབ་མི་ ཨ་མོ་ཆུ་གོང་འཕེལ་དང་ ཁྲོམ་སྡེ་ལས་འགུལ་ས་ཁོངས་དེ་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གི་ བཀའ་རྒྱ་དང་བསྟུན་ འབྲུག་གི་བསྟན་སྲུང་དམག་སྡེ་གིས་ གནས་སྐབས་ཀྱི་ སྡོད་གནས་ཁང་བཟོ་སྐྲུན་འབད་ནིའི་དོན་ལུ་ དམག་མི་དང་ འགོ་དཔོན་༡,༣༠༠ དེ་ཅིག་ བཙུགས་བཞག་ཡོདཔ་ད་ འབྲུག་མི་༥,༠༠༠ ལྷགཔ་ཅིག་ ཇའི་སྒང་ལས་ ཕུན་ཚོགས་གླིང་ལུ་ སྤོ་བཤུད་འབད་བཅུག་སྟེ་ ད་ལྟོ་ སློབ་གྲྭ་ཚུ་ནང་ སྡོད་དོ་ཡོདཔ་ཨིན་པས།
ནད་ཡམས་COVID-19 ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ པའི་ཚེས་༡༨ ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་དང་ སྤེལ་ཁང་ཚུ་ སྒོ་བསྡམས་ཡོད་མི་ཚུ་ཡང་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ སྒོ་མི་ཕྱེ་ནི་ཨིན་པས།
ད་ལྟོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བསམ་རྩེ་དང་ ཕུན་ཚོགས་གླིང་ལུ་ ཆིབས་སྐྱོད་གནང་པའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *