ཤེས་རིག་དྲུང་ཆེན་ ཀརྨ་ཚེ་རིང་དང་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ ཀརྨ་འོད་ཟེར་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སངས་རྒྱས་གྲུ་བ་ དེ་ལས་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཚེ་རིང་།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ལེགས་དར་གནང་ཡོདཔ།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ གསརཔ་བསྐོ་བཞག་གནང་མི་ གཞུང་གི་དྲུང་ཆེན་ཚུ་དང་ རྩོད་དཔོན་ཡོངས་ཁྱབ་ རྒཔོ་༢ དང་ རྫོང་བདག་༡ ལུ་ བཀྲིས་ལེགས་དར་གནང་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་ འཐུས་མི་གསརཔ་ཅིག་དང་ གཟིམ་དཔོན་འོགམ་ཅིག་ བསྐོ་བཞག་གནང་ནུག།

ཡིག་ཚང་ནང་ འཛུལ་ཞུགས་ཐོག་ འགན་ཁུར་འབག་ནི་ འགོ་བཙུགས་པའི་ཤུལ་ལས་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ དར་ཞུ་མི་ཚུ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སངས་རྒྱས་གྲུ་བ་དང་ ཤེས་རིག་དྲུང་ཆེན་ ཀརྨ་ཚེ་རིང་ བསྟན་རྒྱས་དྲུང་ཆེན་ ཀརྨ་ཚེ་རིང་ རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་འགྱུར་ ཕྱི་འབྲེལ་ལྷན་ཁག་གི་ མགྲོན་སྐྱོང་སྤྱི་ཁྱབ་ ཨོ་རྒྱན་གོང་འཕེལ་ པདྨ་དགའ་ཚལ་གྱི་རྫོང་བདག་ ཡེ་ཤེས་རང་རིག་རྡོ་རྗེ་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ ཀརྨ་འོད་ཟེར་ཚུ་ཨིན་པས།

གཟིམ་དཔོན་འོགམ་ ཉིམ་ཚེ་རིང་དང་ ཁྱད་ལྡན་གྱི་འཐུས་མི་ ཨྱོན་ཚེ་རིང་།

ད་རུང་ གཞུང་འབྲེལ་གྱི་ རྟེན་འབྲེལ་སྐབས་ ཐིམ་ཕུག་ལྕང་རྒེད་འོག་གི་ རྒཔོ་ཨོ་རྒྱན་ཚེ་རིང་དང་ བཀྲིས་སྒང་ཕོངས་མེད་རྒེད་འོག་གི་ རྒཔོ་རྣམ་རྒྱལ་དབང་འདུས་༢ ལུ་ཡང་ དར་གནང་ཡོདཔ་ད་ རྒཔོ་དེ་གཉིས་ འཕྲལ་ཁམས་ཅིག་ཁར་ དུས་མིན་བཙག་འཐུ་ནང་ལས་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།

ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་ཨོ་རྒྱན་ཚེ་རིང་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་ འཐུས་མི་སྦེ་དང་ བློན་ཆེན་ཡིག་ཚང་གི་ ལས་རིམ་གཙོ་འཛིན་འགོ་དཔོན་ ཉིམ་ཚེ་རིང་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ གཟིམ་དཔོན་འོག་མ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།

གསར་བསྐོས་གནང་མི་གཉིས་མ་གཏོགས་ ཡིག་ཚང་གི་ གོ་གནས་འཆང་མི་གཞན་ཚུ་ གཞུང་འབྲེལ་ཐོག་ལས་ དར་མ་ཞུ་བའི་ ཧེ་མ་ལས་ རང་སོའི་འགན་ཁུར་འབག་ནི་ འགོ་བཙུགས་ཡོདཔ་ད་ དར་གྱི་རྟེན་འབྲེལ་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཤུལ་ལས་ འོས་ལྡན་གྱི་ ཚེས་གྲངས་ཅིག་ནང་ བརྩི་ནི་སྦེ་ ཕར་འཕུད་རྐྱབ་ཡོད་པའི་གནས་ཚུལ།

མགྲོན་སྐྱོང་སྤྱི་ཁྱབ་ ཨྱོན་གོང་འཕེལ་དང་ རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་འགྱུར་ དེ་ལས་ པདྨ་དགའ་ཚལ་རྫོང་བདག་ ཡེ་ཤེས་རང་རིག་རྡོ་རྗེ།

 

ཕོངས་མེད་རྒེད་འོག་གི་ རྒཔོ་རྣམ་རྒྱལ་དབང་འདུས་དང་ ཐིམ་ཕུག་ལྕང་རྒེད་འོག་གི་ རྒཔོ་ཨྱོན་ཚེ་རིང་།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *