མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལྷོ་མཚམས་ལུ་ཆིབས་སྐྱོད།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ ཉིན་གྲངས་༡༢ འབད་མི་ དབྱེ་ཨང་ངོས་འཛིན་རིམ་ལུགས་བཟོ་ཐངས་ཀྱི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ རྒྱལ་ཁབ་ནང་འཁོད་ཀྱི་ བརྡ་དོན་འཕྲུལ་རིག་ཤེས་ཡོན་སློབ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ད་ སྦྱོང་བརྡར་ལས་རིམ་དེ་ཡང་ ཁ་ཙ་ལས་ འགོ་བཙུགས་ནུག།
ད་རུང་ མི་དབང་མངའ་ཞབས་མཆོག་གིས་ ཆོས་རྒྱུགས་ཀྱི་ཐབས་ལམ་གཞན་ དུས་རྒྱུན་གྲུབ་མཐའ་བརྟག་ཞིབ་ཀྱི་ གོ་བསྡུར་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ སློབ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།
སྤྱི་ཟླ་༡ པའི་ཚེས་༢༡ ལུ་ མི་དབང་མཆོག་གིས་ བསམ་རྩེ་ལུ་ སློབ་རིམ་༡༢ པའི་ཆོས་རྒྱུགས་ཀྱི་ བརྟག་ཞིབ་འབད་མི་ སློབ་དཔོན་དང་ ལྷན་ཐབས་འབད་མི་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ཆིབས་སྐྱོད་གནང་ནི་ འགོ་བཙུགས་མི་དེ་ཡང་ རྒྱལ་སྲུང་གི་དོན་ལུ་ སྦྱོང་བརྡར་ལྟེ་བ་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་གཞི་ཡོད་མི་ ས་ཁོངས་ཚུ་ གཟིགས་ཞིབ་གནང་པར་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༡༩ ལུ་ མི་དབང་མངའ་ཞབས་མཆོག་གིས་ ཕུན་ཚོགས་གླིང་ལུ་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་ནང་ འབྲུག་བཀོད་ཁྱབ་ལས་གཡོག་སྦྱོང་བརྡར་ཤོ་ཐེངས་༨ པའི་ནང་ བཅའ་མར་གཏོགས་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
གཟིགས་སྐོར་གྱི་སྐབས་ལུ་ མི་དབང་མཆོག་གིས་ ལྷོ་མཚམས་ལུ་ཡོད་མི་ འབྲུག་གི་བསྟན་སྲུང་དམག་སྡེའི་ བྱང་སེང་ཁག་ཚུ་ནང་ དམག་སྡེའི་འགོ་དཔོན་ཚུ་དང་ བསམ་རྩེ་དང་ གསར་སྤང་རྫོང་ཁག་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་གནང་ནུག།
ལྷོ་མཚམས་རྫོང་ཁག་ཚུ་གི་ཤུལ་ལས་ མི་དབང་མཆོག་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ ཤར་ཕྱོག་རྫོང་ཁག་ཚུ་ནང་ ཆིབས་སྐྱོད་གནང་ནིའི་ ལས་རིམ་ཡོད་པའི་གནས་ཚུལ།

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *