ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ རི་བོ་ཏ་ལ་ལུ་ གཞུང་ལམ་བསུབས་སར་ ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཅིག་ ཐོགས་ལུས་ཡོད་པའི་གནས་ཚུལ།

མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ གློག་ཤུགས་བརྒྱ་ཆ་༡༠ དེ་ཅིག་ ཐེབས་ཐོན་སྐྱེད་འབད་ཡོདཔ།

༉ ཀྲོང་གསར་མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ ཆར་ཆུའི་དུས་ཚོད་ འགོ་བཙུགས་མི་དང་བསྟུན་ གློག་ཤུགས་བརྒྱ་ཆ་༡༠ དེ་ཅིག་ ཐེབས་ཐོན་སྐྱེད་འབད་ཚུགས་ནུག།
དེ་ཡང་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ གློག་མེ་ལས་འགུལ་གྱིས་ ཁ་ཙ་ གློག་ཤུགས་མེ་ག་ཝཱཊ་༧༩༡.༣༩ ཐོན་སྐྱེད་འབད་ཚུགས་མི་དེ་ ཨ་རྟག་དང་ཕྱདཔ་ད་ བརྒྱ་ཆ་༡༠ དེ་ཅིག་ ཐེབས་ཨིན་པས།
ཁ་ཙ་ཚུན་ ཉིན་བསྟར་གློག་ཤུགས་མེ་ག་ཝཱཊ་༣༦༠ འོག་རྒྱུ་མ་གཏོགས་ ཐོན་སྐྱེད་འབད་མ་ཚུགས་པས།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་མིཤ་ར་གིས་ སླབ་མིའི་ནང་ སྤྱི་ཟླ་༡ པ་ལས་༤ པ་ཚུན་གྱི་ གློག་ཤུགས་ཐོན་སྐྱེད་ དབྱེ་དཔྱད་འབད་བའི་སྐབས་ དུས་ཅི་ སྤྱི་ཟླ་༡ པ་ལས་༤ པ་ཚུན་ གློག་ཤུགས་ཐོན་སྐྱེད་ ཡར་སེང་སོང་ཡི་ཟེར་ཨིན་པས།
ལས་འགུལ་གྱིས་ ན་ཧིང་ སྤྱི་ཟླ་༧ པའི་ནང་ ཐོན་སྐྱེད་འབད་ནི་ འགོ་བཙུགས་མི་དང་འབྲེལ་ རྒྱལ་ཁབ་ནང་ ད་ལྟོ་ཚུན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༧.༤༧ བཟོ་ཡོདཔ་ཨིན་པས།
ད་རེས་ ཆརཔ་རྒྱུན་ཆད་མེད་པར་རྐྱབ་མི་ལུ་བརྟེན་ ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ རི་བོ་ཏ་ལ་ལུ་ གཞུང་ལམ་བསུབས་ཡོདཔ་བཞིན་དུ་ ལམ་སེལ་ལས་ཁུངས་དང་འཁྲིལཝ་ད་ ད་རིས་ དྲོ་པ་ཁམས་ཅིག་ལས་ བསལ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ་ ཀྲོང་གསར།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *