མཁོ་ལོང་ཆུ་གློག་མེ་ལས་འཛིན་གྱིས་ ཀི་ལོ་མི་ཊར་༣༡ འབད་མི་ ལས་འགུལ་གྱི་ འཁོར་ལམ་སེར་ཚརཝ་ད་ འབྲེལ་ བུ་ཡང་དང་ ཤ་ལི་ལུ་ ལྕགས་ཟམ་༢ བཟོ་སྐྲུན་འབད་ནུག།

མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ དངོས་གཞིའི་ལཱ་ འགོ་བཙུགས་མ་ཚུགས་པར་ཡོདཔ།

བཀྲ་ཤིས་གཡང་རྩེ་ མཁོ་ལོང་ཆུ་ལས་འགུལ་གྱི་ སྔོན་འགྲོའི་བཟོ་སྐྲུན་གྱི་ལཱ་ཚུ་ ཧ་ལམ་མཇུག་བསྡུ་ཡོད་རུང་ བཟོ་སྐྲུན་དངོས་གཞིའི་ལཱ་ཚུ་ འགོ་མ་བཙུགས་པར་ཡོདཔ་ལས་ ས་གནས་ཀྱི་མི་ཚུ་ ཚ་གྱང་ལངམ་ཨིན་པས།

ས་གནས་ཀྱི་མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་གྱིས་ ལས་འགུལ་དེ་ལུ་ གཙོ་རིམ་མ་བཟུང་པ་ཅིན་ ལཱ་འགྲུབ་ཚུགས་ནི་ལུ་ ལཱ་ཁག་འོང་ཟེར་ཨིན་པས།

ས་གནས་ཀྱི་མི་སེར་ལ་ལོ་ཅིག་གིས་ ལས་འགུལ་གྱི་ ལས་གཡོགཔ་ཚུ་ལུ་ ཁང་གླ་ཁར་གཏང་ནིའི་དོན་ལུ་ དངུལ་ཁང་ལས་ སྐྱིན་འགྲུལ་ལེན་ཏེ་ ཁྱིམ་རྐྱབ་ཡོད་རུང་ ལས་འགུལ་གྱི་ལཱ་འགོ་བཙུགས་མ་ཚུགས་མི་ལུ་བརྟེན་ ད་ལྟོ་ཁྱིམ་ནང་ སྡོད་མི་མེདཔ་ལས་ དངུལ་ཁང་གི་ སྐྱིན་ཚབ་བཏབ་ནི་ལུ་ དཀའ་ངལ་ཐོན་ཏེ་ ཡོདཔ་ཨིན་པས།

ལས་འགུལ་གྱི་ལཱ་ དངོས་གཞི་དེ་ འགོ་བཙུགས་པ་ཅིན་ དེ་ཁར་ ལས་མི་བསྡོམས་༤༩༨ དེ་ཅིག་ བཙུགས་ནིའི་འཆར་གཞི་ཡོད་རུང་ ད་ལྟོ་ལས་མི་༦༣ མ་གཏོགས་མེདཔ་ཨིན་པས།

ལས་འགུལ་འགོ་དཔོན་ཚུ་གིས་ འབད་བ་ཅིན་ ད་ལྟོ་ ལས་འགུལ་གྱི་ ལཱ་དངོས་གཞི་ལཱ་དེ་ འགོ་བཙུགས་མ་ཚུགས་རུང་ ལཱ་གཞན་ཚུ་ འབད་བཞིན་དུ་ར་ ཡོད་ཟེར་ཨིནམ་ད་ ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ པཱར་བིན་གུབ་ཏ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ལྷན་ཐབས་ཀྱི་ལཱ་ ས་ཁོངས་བརྟག་དཔྱད་ཚུ་ འབད་དོ་ཟེར་ཨིན་པས།

སྤྱི་ལོ་༢༠༡༥ ཟླ་༩ པའི་ནང་ལས་ ལས་འགུལ་གཞི་རྟེན་གྱི་ལཱ་ འགོ་བཙུགསཔ་དང་འབྲེལ་ ད་ལྟོ་ འཁོར་ལམ་ཀི་ལོ་མི་ཊར་༣༡ དང་ ལྕགས་ཟམ་༢ སྒྲུབ་ཡོདཔ་ད་ དོག་གསུམ་གྱི་ཉེ་འདབས་ ས་གནས་སྐོར་ལུང་ལུ་ རྒྱུན་ལམ་ཀི་ལོ་མི་ཊར་༡༩ འབད་མི་ ཀེ་བི་༣༣ གྱི་ ཡན་ལག་གློག་མེ་བཀྲམ་སྤེལ་འཕྲུལ་ཨམ་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ད་ ད་ཚུན་ལུ་ ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡.༩༩༢ ཟད་འགྲོ་བཏང་ཡོདཔ་ཨིན་པས།

མ་གཞི་ དངོས་གཞིའི་ལཱ་ཚུ་ དུས་ཅི་གི་ལོ་འགོ་བཙུགས་ཁམས་ལས་ འགོ་བཙུགས་དགོཔ་ཨིན་རུང་ འབྲུག་དང་རྒྱ་གཞུང་གི་བར་ན་ གན་ཡིག་གུ་ མཚན་རྟགས་མ་བཀོད་མི་ལུ་བརྟེན་ ལུས་ཡོདཔ་ཨིན་པས།

བཟོ་སྐྲུན་གྱི་དངོས་གཞིའི་ལཱ་ མཇུག་བསྡུ་ནི་ལུ་ དུས་ཡུན་ ཟླཝ་༥༩ དེ་ཅིག་ འགོར་ནི་ཨིནམ་བཞིན་དུ་ ལས་འགུལ་དེ་ མཇུག་བསྡུ་བའི་བསྒང་ལས་ གློག་ཤུགས་མེ་ག་ཝཊི་༦༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ ཨིན་པའི་གནས་ཚུལ།  

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *