དད་ཅན་སྐྱ་སེར་ཚུ་གིས་ བཛྲ་གུ་རུ་དུང་སྒྲུབ་ བསགས་པའི་བསྒང་།

བུམ་ཐང་སྐུ་རྗེས་ལུ་ བཛྲ་གུ་རུ་དུང་སྒྲུབ་ འགོ་བཙུགས་ཡོདཔ།

༉ བུམ་ཐང་སྐུ་རྗེས་ལུ་ ལོ་བསྟར་གནང་སྲོལ་ཡོད་པའི་ བཛྲ་གུ་རུ་དུང་སྒྲུབ་ ཐེངས་༢༡ པ་དེ་ སྤྱི་ཟླ་༥ པའི་ཚེས་༡༢ ལས་ གཞུང་གྲྭ་ཚང་གི་ དབྱངས་པའི་སློབ་དཔོན་བགྲེསཔ་ སངས་རྡོ་རྗེ་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞེས་གྲངས་༣༠༠ དེ་ཅིག་གིས་ གནང་དོ་ཡོདཔ་ཨིན་པས།
ཀྲོང་གསར་རབ་སྡེའི་ དྲུང་ཆེན་གྱིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ བཛྲ་གུ་རུ་དུང་སྒྲུབ་དེ་ རང་ཟླ་༣ པའི་ཚེས་༡༥ ལས་ འགོ་བཙུགསཔ་ཨིན་རུང་ དུས་ཅི་ ཚེས་༨ ལས་ འགོ་བཙུགས་དགོ་མི་དེ་ཡང་ ད་ལས་ཕར་ སྐུ་རྗེས་ལུ་ དུང་སྒྲུབ་ལ་སོགས་པའི་ ཆོས་ཕྱོགས་ཀྱི་ལས་རིམ་ ཁག་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དགོཔ་ལས་ ག་ར་ ཁ་ཐུག་མ་ཕོག་པར་ འགོ་འདྲེན་འཐབ་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
ད་རིས་ མི་མང་ལུ་ ཕུར་པའི་དབང་གནང་ནི་ཨིནམ་ད་ བཛྲ་གུ་རུ་དུང་སྒྲུབ་དེ་ རྒྱལ་ཁབ་ཀྱི་ བསྟན་སྤྱིའི་སྐུ་རིམ་སྦེ་ ཉིན་གྲངས་༡༥ འི་རིང་ འགོ་འདྲེན་འཐབ་ནི་ཨིན་པས།
བུམ་ཐང་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་ལས་ དད་ཅན་གྱི་མི་སེར་༧༠༠ ལྷགཔ་ཅིག་གིས་ བཛྲ་གུ་རུ་དུང་སྒྲུབ་ནང་ བཅའ་མར་གཏོགས་དོ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *