བུ་དིསི་ཨརཊ་སྡེ་ཚན་གྱི་ མདའ་རྩེདཔ་ཚུ།

བུ་དིསི་ཨརཊ་སྡེ་ཚན་གྱིས་ རང་ལུགས་མདའ་གཞུའི་རྩེད་འགྲན་ནང་ ལོ་༣ སྦྱེལཝ་སྦྱེལ་སར་ རྒྱལ་ཁ་ཐོབ་ཡོདཔ།

༉ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ རང་ལུགས་སྤག་ཤིང་གི་ མདའ་གཞུ་ཐོག་ལས་ ད་ལྟོ་ཚུན་ སྡེ་ཚན་ག་གིས་ཡང་ ལོ་༣ སྦྱེལཝ་སྦྱེལ་སར་ རྒྱལ་ཁ་ཐོབ་མ་ཚུགས་རུང་ དུས་ཅི་ བུ་དིསི་ཨརཊ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ནུག།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༤ དང་༥ ལུ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ བུ་དིསི་ཨརཊ་དང་ ཀླུ་མང་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབདཝ་ད་ ཉིནམ་དང་པའི་ནང་ བུ་དིསི་ཨརཏ་གིས་ སྐུགས་དང་པ་ཆོད་ཡོད་རུང་ སྐུགས་༢ པམ་དེ་ ག་གིས་ཡང་ ཆོད་མ་ཚུགསཔ་ལས་ ཉིནམ་༢ པའི་ནང་ འཕྲོ་མཐུད་རྩེད་དགོཔ་བྱུང་ཡི།
ཉིནམ་༢ པའི་རྩེད་འགྲན་ནང་ སྐུགས་༢ པམ་དེ་ ཀླུ་མང་སྡེ་ཚན་གྱིས་ ཉིན་མའི་ལྟོ་མ་རནམ་ལས་ ཆོད་བཏང་མི་ལུ་བརྟེན་ སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་དགོཔ་བྱུང་ཡོདཔ་བཞིན་དུ་ བུ་དིསི་ཨརཊ་གིས་ སྐུགས་༢ པ་ཆོད་བཏངམ་ལས་ རྒྱལ་ཁ་ཐོབ་མི་དང་འཁྲིལ་ སྤྱི་ལོ་༢༠༡༧ དང་༢༠༡༨ ལུ་ཡང་ རྒྱལ་ཁའི་རྒྱལ་རྟགས་ཐོབ་ནུག།
དེ་བཟུམ་སྦེ་ བཀྲིས་གཡང་རྩེ་རྫོང་ཁག་ལས་ ཀླུ་མང་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༨ ལུ་ཡང་ ཨང་༢ པ་ཐོན་ ཡོདཔ་ཨིན་པས།
ཀླུ་མང་སྡེ་ཚན་ལས་ རྩེད་འགྲན་པ་ཚུ་གིས་ སླབ་མིའི་ནང་ མ་གཞི་ དུས་ཅི་ རྒྱལ་རྟགས་འཐོབ་ཚུགསཔ་ འབད་ནིའི་དོན་ལུ་ ག་དེམ་ཅིག་རྩ་འགེངས་རུང་ རྩ་ལས་ར་ དོ་འགྲན་འབད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ མ་འོངས་པའི་ནང་ རྒྱལ་རྟགས་འཐོབ་ཚུགས་ནིའི་དོན་ལུ་ རྫོང་ཁག་ནང་ རང་ལུགས་མདའ་གཞུའི་ཐོག་ལས་ རྩེ་ཤེས་མི་ དྲག་ཤོས་ཚུ་ གདམ་འཐུ་འབད་ནི་དེ་ཨིན་ཟེར་ཨིན་པས།
མཐའ་བཅད་འོག་མ་ཚུན་ རྩེད་འགྲན་འབད་མི་ རྩེད་འགྲན་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུ་དིསི་ ཨརཊ་གིས་ ལོ་༣ སྦྱེལཝ་སྦྱེལ་སར་ རྒྱལ་ཁ་ཐོབ་མི་དེ་ སྡེ་ཚན་གྱིས་ ལོ་བསྟར་བཞིན་དུ་ རྩེད་འགྲན་དྲག་ ཤོས་རྩེ་མི་ཚུ་ ཕར་ཚུར་ལས་ འཚོལ་བའི་ཁར་ ལ་ལུ་ཅིག་ ཉོ་བཞག་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
གཞན་སྡེ་ཚན་ཚུ་འབད་བ་ཅིན་ རྩེདམོ་གི་དུས་ཚོད་རནམ་ད་ ཕར་ཚུར་ལས་ ཆ་རོགས་ཚུ་ གྲོས་བསྟུན་འབད་དེ་ བཟོ་མི་ཙང་ཙ་ར་ཨིན་ཟེར་ཨིན་པས།
དུས་ཅི་གི་ རྩེད་འགྲན་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༢༦ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *