འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ བཙག་འཐུའི་གྲུབ་འབྲས་ཚུ་ བལྟ་བའི་བསྒང་།

བཀྲིས་སྒང་གིས་ སོར་བསྒྱུར་དང་ རྒྱུན་མཐུད་ཀྱི་དོན་ལུ་ གདམ་ཁ་རྐྱབ་ཡོདཔ།

༉ འཕྲོ་མཐུད་རྒྱུན་འཛིན་འབདཝ་དང་འབྲེལ་ བཀྲིས་སྒང་གི་ མི་སེར་ཚུ་གིས་ སོར་བསྒྱུར་གྱི་དོན་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ གྱངས་ཁ་མཐོ་ཤོས་ཡོད་མི་ རྫོང་ཁག་དེ་གིས་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་༣ པའི་ནང་ དོ་འགྲན་འབད་ཐབས་ལུ་ སྲིད་ཚོགས་རྙིངམ་ འབྲུག་ཕུན་སུམ་ཚོགས་པ་དང་ སྲིད་ཚོགས་གསརཔ་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡི།

བྱ་ཁྲུང་ཁྲུང་གིས་ ཚོགས་རྒྱན་ཡོངས་བསྡོམས་༡༢,༣༠༥ ཐོབ་ཐོག་ལས་ རྫོང་ཁག་གི་ འདེམས་ཁོངས་༥ ཆ་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ བར་མཚམས་-གཤོང་ཕུག་དང་ ར་ལྡི་-སག་སྟེང་ དེ་ལས་ ཝམ་རོང་འདེམས་ཁོངས་༣ ནང་ འཕྲུལ་ཆས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ཆ་རའི་ནང་ ཚོགས་རྒྱན་མངམ་ཐོབ་ནུག།

ཁྲིམས་ཤིང་འདེམས་ཁོངས་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༨༠༦ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༩༩༠ ཐོབ་མི་དེ་ མཐོ་ཤོས་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ནང་ འཕྲུལ་ཆས་ཚོགས་རྒྱན་༡,༤༦༢ ཐོབ་མི་དེ་ མཐོ་ཤོས་ཨིན་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༣༠༠ ཐོབ་མི་དེ་ མཐོ་ཤོས་ཨིན་པས།

ཁྲུང་ཁྲུང་གིས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ནང་ ཚོགས་རྒྱན་༢,༧༤༡ ཐོབ་ཡོདཔ་ད་ དེ་གི་འོག་ལས་ར་ ཁམ་ཤིང་མེ་ཏོག་གིས་ ཚོགས་རྒྱན་༢,༣༥༠ ཐོབ་པའི་ཁར་ རྟ་གིས་ ཚོགས་རྒྱན་༡,༩༤༡ དང་ ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༤༥༠ ཐོབ་ནུག།

བར་མཚམས་-གཤོང་ཕུག་འདེམས་ཁོངས་ནང་ ཕུན་སུམ་ཚོགས་པ་གིས་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༡༡,༣༠༢ ཡོད་མི་ལས་ ཚོགས་རྒྱན་༣,༣༧༧ ཐོབ་ཡོདཔ་ད་ མཉམ་རུབ་ཚོགས་པ་དང་ དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢,༤༠༤ དང་༡,༠༨༨ ཐོབ་པའི་ཁར་ ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༣༨༢ ཐོབ་ནུག།

ཁྲིམས་ཤིང་འདེམས་ཁོངས་ནང་ རྟ་གིས་ འཕྲུལ་ཆས་ཚོགས་རྒྱན་ མངམ་ཐོབ་ཡོདཔ་མ་ཚད་ ཁམ་ཤིང་མེ་ཏོག་གིས་ འགྲེམ་ཐོག་ཚོགས་རྒྱན་མངམ་ ཐོབ་ཡོད་རུང་ ཁྲུང་ཁྲུང་གིས་ ཚོགས་རྒྱན་བསྡོམས་༡,༧༡༢ ཐོབ་སྟེ་ འདེམས་ཁོངས་ནང་ལས་ འདེམས་ཁྲི་ཐོབ་ནུག།

མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༥༢༣ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༤༣༡ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༧༧ ཐོབ་ནུག།

དེ་ལས་ ཚོགས་རྒྱན་བསྡོམས་༢,༠༨༣ ཐོག་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༩༣༣ དང་ འགྲེམ་ཐོག་ཚོགས་རྒྱན་༡,༡༥༠ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༦༢༥ དང་ དམངས་གཙོ་ཚོགས་པ་གིས་༡,༡༣༠ ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༥༠༢ ཐོབ་ནུག།

ར་ལྡི་-སག་སྟེང་འདེམས་ཁོངས་ནང་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ཆ་ར་ རྒྱལ་ཡོདཔ་ད་ དེ་ཡང་ ཚོགས་རྒྱན་བསྡོམས་༢,༣༩༢ ཐོབ་ཡོདཔ་བཞིན་དུ་ འབྲུག་མཉམ་རུབ་དང་ དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢,༡༡༧ དང་༡,༣༢༠ རེ་ ཐོབ་ཡོདཔ་མ་ཚད་ ཀུན་མཉམ་གྱིས་ ཚོགས་རྒྱན་༧༢༩ ཐོབ་ནུག།

བཀྲིས་སྒང་རྫོང་ཁག་ནང་འཁོད་ལུ་ ཚོགས་རྒྱན་ས་ཁོངས་༧༥ ཡོད་མི་ནང་ ཚོགས་སྐྱུར་མི་བསྡོམས་༡༥,༤༣༦ འོང་ཡོདཔ་ཨིན་པས།

ཡོན་ཕུ་ལ་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ སྐྱེས་ལོ་༧༧ ལང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ ཁོ་གིས་ སོར་བསྒྱུར་གྱི་དོན་ལུ་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ ཁོ་གི་གདམ་ཁ་ལུ་ བློ་སྟོབས་ཡོདཔ་ལས་ ཁོ་གི་ ཚོགས་པ་དེ་ རྒྱལ་ཁབ་འཐོབ་ནི་གི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *