ཐོན་ཤུགས་ཆེ་བའི་ ཇར་སི་བ་ཚུ།

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག།
དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ ནའི་ན་སིང་ཏ་མང་གིས་ སླབ་མིའི་ནང་ མི་སེར་མང་ཤོས་ཀྱིས་ སྡིག་པའི་ལཱ་ལུ་འཛེམ་ཏེ་ ནོར་གསོ་སྐྱོང་འབད་ནི་ལུ་ གདམ་ཁ་རྐྱབ་མས་ཟེར་ཨིནམ་ད་ ཕགཔ་དང་བྱ་ཚུ་ དེ་ཅིག་ར་ གསོ་སྐྱོང་འཐབ་ནི་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནོར་གསོ་སྐྱོང་འཐབ་མི་ ཡར་སེང་སོང་ནི་དེ་གིས་ རྫོང་ཁག་ནང་ ནོར་གྱི་ཐོན་སྐྱེད་ཚུ་མ་ཐོབ་པའི་ཚ་གྱང་མེད་ཟེར་ཨིནམ་ད་ རྫོང་ཁག་གིས་ ནོར་གྱི་ཐོན་སྐྱེད་བཀྲམ་སྤེལ་འབད་ནིའི་ དམིགས་གཏད་བསྐྱེད་མི་ལས་ལྷག་སྟེ་ ཐོན་སྐྱེད་འབད་ཡོདཔ་མ་ཚད་ ཨོམ་ཐོན་སྐྱེད་འབད་མི་ རྫོང་ཁག་མཐོ་ཤོས་ཅིག་སྦེ་ ཚུད་དེ་ཡོད་ཟེར་ཨིན་པས།
རྒེད་འོག་༡༥ འི་ནང་འཁོད་ ཨོམ་ཐོན་སྐྱེད་འབད་མི་ སྡེ་ཚན་༣༦ ཡོདཔ་བཞིན་དུ་ བྱ་གསོ་སྐྱོང་འཐབ་མི་༡༦ དང་ ཕགཔ་གསོ་སྐྱོང་འཐབ་མི་༧ ཡོདཔ་ཨིན་པས།
སྒོ་ནོར་ཐོན་སྐྱེད་འབད་མིའི་གྲས་ལས་ གཡང་གཉེར་དང་ བསམ་མཁར་ དེ་ལས་ གཤོང་ཕུག་རྒེད་འོག་གསུམ་གྱི་ སྡེ་ཚན་ཚུ་གིས་ བཀྲིས་སྒང་ ཆེ་ན་རི་ལུ་ཡོད་པའི་ ཨོམ་བཟོ་སྦྱོར་ཁང་ནང་ ཉིནམ་རེ་ལུ་ དཔྱ་སྙོམས་ལུ་ ཨོམ་མེ་ཊིག་ཊཱོན་༢,༥༠༠ རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
རྫོང་ཁག་སྒོ་ནོར་ལས་སྡེ་གི་ ཐོ་བཀོད་བཞག་མི་དང་འཁྲིལ་བ་ཅིན་ འཆར་གཞི་༡༡ པའི་ནང་ རྫོང་ཁག་གིས་ ཨོམ་གྱི་ཐོན་སྐྱེད་ མེ་ཊིག་ཊཱོན་༤,༡༩༥ འབད་ནིའི་ དམིགས་གཏད་བསྐྱེད་ཡོདཔ་ད་ རྫོང་ཁག་གིས་ ཨོམ་མེ་ཊིག་ཊཱོན་༥,༠༩༨ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
མི་སེར་མང་ཤོས་ཀྱི་ སྒོ་ནོར་གྱི་ལཱ་འབད་ནིའི་ སེམས་ཤུགས་ཐོབ་མི་དེ་ ཆེ་ན་རི་ལུ་ཡོད་པའི་ ཨོམ་བཟོ་སྦྱོར་ཁང་གིས་ ཨོམ་མངམ་ལེན་ནིའི་ འགོ་བཙུགས་མི་དེ་གིས་ཨིན་ཟེར་ ནའི་ན་སིང་ཏ་མང་གིས་ བཤདཔ་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ བཀྲིས་སྒང་ལུ་ ནོར་སེམས་ཅན་ གཡག་དང་ ཇར་སི་ལ་སོགས་པ་བརྩིས་ཏེ་ ནོར་༤༠,༠༠༠ ལྷགཔ་ཅིག་ཡོད་ཟེར་ཨིནམ་ད་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ རྫོང་ཁག་ནང་འཁོད་རྐྱངམ་གཅིག་མེན་པར་ རྫོང་ཁག་གཞན་ཁར་ཡང་ ཚོང་འབྲེལ་འཐབ་ནི་ཡོད་ཟེར་ཨིན་པས།
རྒེད་འོག་གི་གྲས་ལས་ བསམ་མཁར་དང་གཤོང་ཕུག་ བཀང་ལུང་དང་ གཡང་གཉེར་རྒེད་འོག་ཚུ་ནང་ ནོར་གསོ་སྐྱོང་འཐབ་མི་དེ་ དྲག་ཤོས་ཅིག་སྦེ་ རྩིས་འཇོག་འབད་དོ་ཡོདཔ་ད་ ཉིན་བསྟར་བཞིན་དུ་ དཔྱ་སྙོམས་ལུ་ ཨོམ་ལི་ཊར་༡,༥༠༠ རེ་ བཀྲམ་སྤེལ་འབད་དོ་ཡོདཔ་ ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་དང་འཁྲིལ་བ་ཅིན་ མི་སེར་སོ་ནམ་པ་ཚུ་ སྒོ་ནོར་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་ཐབས་ལུ་ སྡེ་ཚན་ནང་ ཨོམ་བཀང་ནིའི་ལྷོད་ལ་སོགས་པ་ བཀྲམ་སྤེལ་འབད་ནི་ཡོད་ཟེར་ཨིནམ་ད་ རྒྱབ་སྐྱོར་འབད་དགོཔ་ག་ཅི་ཡོད་རུང་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།
རྫོང་ཁག་ནང་ ནོར་གསོ་སྐྱོང་གི་ལཱ་རྐྱངམ་གཅིག་མེན་པར་ བྱ་གསོ་སྐྱོང་དང་ ཕགཔ་གསོ་སྐྱོང་འཐབ་མི་ཡང་ཡོདཔ་ད་ སྒོང་རྡོག་དང་ཕག་ཤ་ ཐོན་སྐྱེད་འབད་ནིའི་དམིགས་གཏད་བསྐྱེད་མི་དེ་ གྲུབ་ཡོདཔ་ད་ མི་སྡེའི་ ཞེན་ཆགས་བསྐྱེད་མི་དང་ སྡིག་པའི་ལཱ་ལུ་འཛེམ་ཏེ་ བྱ་དང་ཕགཔ་གསོ་སྐྱོང་དེ་ཅིག་ར་ འཐབ་མི་མེད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འཆར་གཞི་༡༡ པའི་ནང་ སྒོང་རྡོག་ས་ཡ་༣ བཀྲམ་སྤེལ་འབད་ནིའི་ དམིགས་གཏད་བསྐྱེད་ས་ལས་ སྒོང་རྡོག་ས་ཡ་༣ ལྷག་སྟེ་ བཀྲམ་སྤེལ་འབད་ཡོདཔ་ད་ ཕག་ཤ་འབད་བ་ཅིན་ ཤ་མེ་ཊིག་ཊཱོན་༡༡ དམིགས་གཏད་བསྐྱེད་ས་ལས་ ཤ་མེ་ཊིག་ཊཱོན་༡༤ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་ནང་ བཀྲིས་སྒང་རྫོང་ཁག་གིས་ ཨོམ་མེ་ཊིག་ཊཱོན་༦,༢༠༨ བཀྲམ་སྤེལ་འབད་ནིའི་དམིགས་གཏད་བསྐྱེད་དེ་ཡོད་ཟེར་ རྫོང་ཁག་སྒོ་ནོར་འགོ་དཔོན་ ནའི་ན་སིང་ཏ་མང་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ཀོ་རོ་ན་བའེ་རཱསི་ཐོབ་མི་༨༢ ལས་༧༦ དྲག་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༣ པ་ལས་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་བར་ན་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼ཀོ་བིཌ་-༡༩༽ ཐོབ་མི་༨༢ ལུ་ ཡར་འཕར་སོང་མི་ལས་ ནདཔ་༧༦ དྲག་ཡོདཔ་སྦེ་ ཁ་ཙ་ གསོ་བ་ལྷན་ཁག་གིས་ …

Leave a Reply

Your email address will not be published. Required fields are marked *