བཀྲིས་ཆོས་གླིང་ལུ་ མར་ཁུ་སྐྱེལ་འདྲེན་གྱི་ དཀའ་ངལ་ཡོདཔ།

༉ འབྲུག་པེ་ཊེ་ལི་ཡམ་ལས་འཛིན་གྱི་ མར་ཁུ་པེ་ཊཱོལ་དང་ ཌི་ཟིལ་འབག་མི་ སྣུམ་འཁོར་ཊཱག་ཚུ་ ཆརཔ་ཤུགས་སྦེ་རྐྱབསྟེ་ བུ་དུ་ནི་གཙང་ཆུ་བྲེས་མི་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༢༤ ལས་ཚུར་ གཙང་ཆུའི་མཐའ་མར་ ཉིནམ་༤ ཐོགས་ལུས་པའི་ཤུལ་ལུ་ བསམ་རྩེ་ལས་ བཀྲིས་ཆོས་གླིང་༼སིབ་སུ༽ ལུ་ མར་ཁུ་སྐྱེལ་འདྲེན་འབད་ཚུགས་ཡོདཔ་ཨིན་པས།
པེ་ཊཱོལ་དང་ ཌི་ཟིལ་མར་ཁུ་ཚུ་ཡང་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ སྣུམ་འཁོར་ཊཱག་ཚུ་ལས་ རྒྱ་རྫི་ཚུ་ནང་འདེགས་ཏེ་ སྤོ་བཤུད་ཐོག་ སྐྱེལ་འདྲེན་འབད་ཡོདཔ་ད་ བཀྲིས་ཆོས་གླིང་ལུ་ཡོད་མི་ སྣུམ་མཛོད་དེ་ སྟོངམ་ཐོན་ཏེ་ བདུན་ཕྲག་ལྷག་སོཔ་ཨིན་པས།
བསམ་རྩེ་དང་ བཀྲིས་ཆོས་གླིང་གི་བར་ན་ བུ་དུ་ནི་དང་ ཌི་ན་ཟམ་༢ ལས་ རྒྱུན་འགྲུལ་འཐབ་དགོཔ་ཨིན་རུང་ ཟམ་དེ་གཉིས་ལུ་ དོ་ཚད་ལས་བརྒལ་ འབག་ནི་གི་ ནུས་ཚད་མེད་མི་ལུ་བརྟེན་ མར་ཁུ་འབག་མི་ཊཱག་ཚུ་ ཟམ་༢ ལས་ འགྱོ་མ་བཅུགཔ་ལས་ གཙང་ཆུ་བརྒལ་ཏེ་ འགྱོ་དགོཔ་ད་ ཆུ་བྲེས་ནི་དེ་གིས་ ཆུ་བརྒལ་མ་ཚུགས་པའི་ གདོང་ལེན་བྱུང་ཡོད་པའི་གནས་ཚུལ།

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *