བ་འཇོ་ཁྲོམ་ཁར་ རིན་བསྡུར་གྱི་ ཚད་གཞི་དང་མ་འཁྲིལ་བར་ པར་ཆས་བཙུགས་ཡོད་པའི་ཉོགས་བཤད།

༉ དབང་འདུས་ཕོ་བྲང་བ་འཇོ་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་༣༠ གཞི་བཙུགས་འབད་དེ་ ཟླཝ་༡ མ་ལངམ་ལས་ར་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ དོ་འགྲན་པ་ཅིག་གིས་ པར་ཆས་ཀྱི་ སྤུས་ཚད་དང་ བཟོ་བཀོད་ཚུ་ རིན་བསྡུར་ཡིག་ཆ་ནང་ གསལ་བཀོད་འབད་མི་དང་འཁྲིལ་མེད་པའི་ སྐྱོན་བརྗོད་འབདཝ་ཨིན་པས།
ཨོ་རྒྱན་ཚོང་འབྲེལ་ཁང་གིས་ ཉོགས་བཤད་བཀོད་དོ་བཟུམ་འབད་བ་ཅིན་ པར་ཆས་བཙུགས་མི་ ཁག་འབགཔ་གིས་ རིན་བསྡུར་ཡིག་ཆས་ནང་བཀོད་མི་དང་འཁྲིལ་ ལཱ་མ་འབད་བས་ཟེར་ཨིན་རུང་ ཁག་འབགཔ་ཨེན་ཌི་ཊི་གིས་ ཁ་མི་བཟེད་དོ་ཡོདཔ་ཨིན་པས།
ཨོ་རྒྱན་ཚོང་འབྲེལ་ཁང་གིས་འབད་བ་ཅིན་ བ་འཇོ་ཁྲོམ་ཁར་བཙུགས་མི་ བུ་ལེཊ་པར་ཆས་ཚུ་ ཨོབ་ཊི་ཀཱལ་ཟུམ་༡༨ ཨེགསི་དང་ ཕྱི་རུང་ཁ་མདོག་སྒྲ་པར་བཟུང་ནིའི་ ཁྱད་རྣམ་མིན་འདུག་ཟེར་ཨིན་པས།
ཨེན་ཌི་ཊི་གི་ བཀོད་ཁྱབ་གཙོ་འཛིན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ བུ་ལེཊི་པར་ཆས་ཚུ་ལུ་ ཨོབ་ཊི་ཀཱལ་ཟུམ་༡༨ ཨེགིསི་ཁྱད་རྣམ་ཚུ་ཡོདཔ་མ་ཚད་ པར་ཆས་ཚུ་ ཨིསི་ཊར་ལའིཊ་པར་ཆས་ཚུ་ཨིནམ་ལས་ འོད་ཨ་ཙི་ཅིག་ཡོད་པ་ཅིན་ པར་ཚུ་ཁ་མདོག་དང་བཅསཔ་སྦེ་ སྒྲ་བཟུང་འབད་ཚུགསཔ་བཞིན་དུ་ ཨིསི་ཊར་ལའིཊ་པར་ཆས་ཚུ་ སི་སི་ཊི་བི་པར་ཆས་དང་ཕྱདཔ་ད་ དུམ་གྲ་ཅིག་དྲག་ཟེར་ཨིན་པས།
ཨོ་རྒྱན་ཚོང་འབྲེལ་ཁང་གིས་ དབང་འདུས་རྫོང་བདག་ལུ་ ཞུ་ཡིག་བྲིས་མིའི་ནང་ པར་ཆས་ཚུ་ རྫོང་ཁག་གི་ དགོས་མཁོ་དང་འཁྲིལ་ མེ་ག་པིག་སེལ་༣ མིན་འདུག་ཟེར་ བཀོད་པའི་ཁར་ པི་ཊི་ཟེཊི་པར་ཆས་ཚུ་ནང་ ཨོབ་ཊི་ཀཱལ་ཟུམ་༣༠ ཨེགསི་རྐྱངམ་གཅིག་ཡོད་རུང་ རིན་བསྡུར་ནང་ ཨོབ་ཊི་ཀཱལ་ཟུམ་༣༦ ཨེགསི་འོང་དགོཔ་སྦེ་ཡོད་ཟེར་བཀོད་ནུག།
ཨིན་རུང་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲོམ་ཁར་ མེ་ག་པིག་སེལ་༣ འབད་མི་ པི་ཊི་ཟེཊི་པར་ཆས་ཚུ་ ཚད་ཅིག་ལས་བརྒལ་མེད་ནི་དེ་གིས་ མཇུག་གི་ཁག་འབགཔ་༣ གྱིས་ མེ་ག་པིག་སེལ་༢ འབད་མི་ པི་ཊི་ཟེཊི་པར་ཆས་ཚུ་ རིན་བསྡུར་ནང་ བཀོད་པའི་སྐབས་ རྫོང་ཁག་གིས་ ཁ་བཟེད་ཅི་ཟེར་ཨིན་པས།
ད་རུང་ ཨོ་རྒྱན་ཚོང་འབྲེལ་ཁང་གྱིས་ ཀེ་བི་ནེཊི་བོགསི་ཚུ་ ཨའི་པི་༦༥ གིས་ ངོས་འཛིན་འབད་མི་མེན་པར་ ནང་འཁོད་ཀྱི་ ཅ་ཆས་ཚུ་ཨིན་མས་ཟེར་ཞུ་ཡིག་ནང་ བཀོད་ཡོདཔ་ད་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ རིན་བསྡུར་ནང་གསལ་བཀོད་འབད་དོ་བཟུམ་ ཀེ་བི་ནེཊི་བོགསི་ཚུ་ ཨའི་པི་༦༥ ཨིན་ཟེར་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ སི་སི་ཊི་བི་པར་ཆས་ཀྱི་ཐད་ལུ་ དྲི་བཀོད་འབད་མི་ དབང་འཛིན་ངོ་མ་ལུ་རྐྱངམ་གཅིག་ ངོས་ལེན་འབད་ནི་མ་གཏོགས་ ཨོ་རྒྱན་ཚོང་འབྲེལ་ལུ་ ངོས་ལེན་འབད་དགོཔ་མེད་ ཟེར་ཨིན་པས།
བ་འཇོ་ཁྲོམ་ཁར་ པར་ཆས་གཞི་བཙུགས་འབད་ནིའི་ལཱ་ཚུ་ སྤྱི་ལོ་༢༠༡༨ ལུ་ རིན་བསྡུར་འབད་ཡོདཔ་ད་ འགོ་ཐོག་གི་ལཱ་དེ་ ཨོ་རྒྱན་ཚོང་འབྲེལ་ཁང་གིས་ ཀེ་བི་ནེཊི་བོགསི་༡༦ གཞི་བཙུགས་འབད་ནིའི་དོན་ལས་ དངུལ་ཀྲམ་ས་ཡ་༢.༢༠༦ སྦེ་ཐོབ་ཡོད་རུང་ རྫོང་ཁག་གི་ དགོས་མཁོ་དང་འཁྲིལ་ ཚོང་འབྲེལ་ཁང་དེ་གིས་ ངོས་ལེན་མ་འབད་བའི་སྐབས་ ལཱ་དེ་ རིན་བསྡུར་ཐེངས་༢ པའི་ནང་ ཨེན་ཌི་ཊི་ལུ་སྤྲོད་ནུག་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *