ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ ཁྲིམས་འགལ་འབད་མི་ཚུ་ལུ་ ཉེས་ཁྲིམས་དམ་དམ་བཀལ་ནི།

༉ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ ས་མཚམས་བདའ་སྟེ་ འབྲུག་གི་ཕྱི་མི་ནང་སྐྱོད་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལུ་ མ་གནས་མི་ ཁྲིམས་འགལ་པ་ཚུ་ལུ་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ དམ་དམ་བཀལ་ནི་ཨིན་ཟེར་ ཉེན་བརྡ་འབདཝ་ཨིན་པས།
ལས་ཁུངས་ཀྱིས་ མི་མང་གསལ་བསྒྲགས་ནང་ བཀོད་མི་དང་འཁྲིལཝ་ད་ ཀོ་བིཌ- ༡༩ གི་ནད་གཞི་ལས་འབྱུང་བའི་ ཉེན་ཁ་མར་ཕབ་འབད་ནི་དང་ ནད་གཞི་འདི་ རྒྱལ་ཁབ་ནང་ན་ སྐྱེལ་ནི་དང་ ཁྱབ་སྤེལ་ འགྱོ་ནི་ལས་ སྔོན་འགོག་འབད་ནི་དོན་ལུ་ རྒྱལ་སྤྱིའི་ས་མཚམས་ཚུ་ག་ར་ སྤྱི་ཟླ་༣ པའི་ཚེས་༢༣ ལས་ དུས་ཚོད་ངེས་མེད་ཀྱི་རིང་ སྒོ་བསྡམས་བཞག་ཡོད་རུང་ མི་ལ་ལོ་ཅིག་གིས་ ཚུལ་མིན་ཐོག་ རྒྱལ་སྤྱིའི་ས་མཚམས་ཐདམ་ཐད་ཁར་ལས་ ཕྱིའི་ལས་མི་ཚུ་ ནང་སྐྱོད་འབད་དེ་ མནོ་བཞིན་བསམ་བཞིན་ མི་མང་གསལ་བསྒྲགས་ལུ་ ཆ་གནས་མེད་པར་ ཁྲིམས་འགལ་འབདཝ་མས་ཟེར་ཨིན་པས།
རྒྱལ་སྤྱིའི་ས་མཚམས་སྒོ་བསྡམས་པའི་གསལ་བསྒྲགས་དང་འཁྲིལ་ བཀག་ཆ་འབད་དེ་ཡོད་མི་ ཁྲིམས་ཚུ་ལུ་ འགལ་བ་འབད་བ་ཅིན་ ཁྲིམས་འགལ་པ་ཚུ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་ འབྲུག་གི་ཕྱི་མི་ནང་སྐྱོད་ཀྱི་བཅའ་ཁྲིམས་ནང་ འབྲེལ་བ་ཡོད་པའི་དགོངས་དོན་ཚུ་དང་འཁྲིལ་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་བཙུགས་ནི་ཨིན་ཟེར་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ མདོ་ཆེན་གྱིས་ གསལ་བསྒྲགས་འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *