ཀརྨ་ཚོང་ལས་ཀྱིས་ བཀྲམ་སྤེལ་འབད་མི་ བྱའི་གཟནམ་ཀེ་ཇི་༦༡༣ མེདཔ་བཏང་ནུག།

ཕུན་ཚོགས་གླིང་ལུ་ བྱ་ནད་ལུ་བརྟེན་ བྱ་༡,༡༣༠ བསད་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ བྱ་ནད་ (H5N1) ཨེཆ་ཕ་ཡེབ་ཨེན་ཝཱན་ཟེར་མི་ཐོན་ཏེ་ འགྲམ་ད་ར་ལ་ལུ་ཡོད་མི་ བྱ་གསོ་སྐྱོང་ཁང་༡༣ དང་ ཊར་ཀི་གསོ་སྐྱོང་ཁང་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།
ནད་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༨ ལུ་ ཐིམ་ཕུག་གསར་སྦིས་ཐང་ རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་ལྟེ་བའི་ནང་ བརྟག་ཞིབ་འབད་བའི་ཤུལ་ལས་ གཏན་འཁེལ་བཟོ་ཡོདཔ་ད་ ནད་གཞི་དེ་ ཐོན་པའི་ཤུལ་ལས་ གནོད་སྐྱོན་བྱུང་མི་ ས་ཁོངས་ཚུ་ནང་ལས་ བྱ་༡,༡༣༠ བསད་ཡོདཔ་མ་ཚད་ སྒོང་རྡོག་༤,༠༠༢ དང་ གཟནམ་ཀེ་ཇི་༦༡༣ དེ་ལས་ བྱ་ཚང་༡༢ མེདཔ་བཏང་ཡོདཔ་ཨིན་པས།
རྒྱལ་ཡོངས་བྱུང་རྐྱེན་བཀོད་ཁྱབ་ཚོགས་ཆུང་གིས་ ཁྲོག་སྡེའི་སྒོ་ནོར་སྨན་ཁང་ནང་ བྱ་ནད་བཀག་ཐབས་འབད་ནི་ འགོ་བཙུགས་ཏེ་ཡོདཔ་མ་ཚད་ ལས་ཁུངས་ཁག་ལས་ སྡེ་ཚན་ཚུ་ཡང་ ལྟ་རྟོག་འབད་བར་ འོང་སྟེ་ཡོདཔ་ཨིན་པས།
སྡེ་ཚན་དེ་གིས་ ནད་གཞི་ཐོན་སའི་ ས་ཁོངས་ཚུ་ནང ལཱ་ཚུ་འབད་དོ་ཡོདཔ་ད་ སོ་ནམ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ནད་གཞི་དེ་ ཐོན་ས་ནང་ལས་ བཀག་ཐབས་འབད་དེ་ཡོདཔ་ལས་ མི་ཚུ་ རྣམ་རྟོག་ལང་མི་དགོ་པའི་ཁར་ མི་མང་གིས་ བྱ་དང་འབྲེལ་བའི་ལཱ་ཚུ་ འབད་བའི་ཤུལ་ལས་ གླང་ལེབ་བཏབ་སྟེ་ ལགཔ་འཁྱུ་དགོ་ཟེར་ཨིན་པས།
ལྟེ་བའི་ལས་རིམ་མདོ་ཆེན་ ཌོག་ཊར་ཨར་བི་གུ་རུང་གིས་ སླབ་མིའི་ནང་ བྱ་ནད་ཐོན་པའི་སྐོར་ལས་ སྤྱི་ཟླ་༤ པའི་ཚེས་༦ ལུ་ སྙན་ཞུ་ལྷོད་ཅི་ཟེར་ཨིན་པས།
བརྟག་དཔྱད་ལྟེ་བ་ལུ་ སྤྱི་ཟླ་༤ པའི་ཚེས་༨ ལུ་ སྙན་ཞུ་འབད་ཡོདཔ་ད་ ཁོ་གིས་ ནད་གཞི་དེ་ བརྒྱ་ཆ་༨༠ དེ་ཅིག་ བཀག་འཛིན་འབད་དེ་ཡོད་ཟེར་ བཤད་པའི་ཁར་ ནད་གཞི་ཐོན་ས་དེ་ ཁྲོམ་གྱི་ཕྱི་ཁར་འབདཝ་ལས་ སྣུམ་འཁོར་རྒྱ་ཆེཝ་སྦེ་ རྒྱུན་འགྲུལ་འཐབ་ནི་མེདཔ་ལས་ བཀག་འཛིན་འབད་ནི་ལུ་ ལྷན་ཐབས་བྱུང་ཡི་ཟེར་ བཤདཔ་ཨིན་པས།
སྡེ་ཚན་གྱིས་ མི་སྡེ་ལུ་ གོ་བརྡའི་ལས་རིམ་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ བྱ་ནད་ཐོན་སའི་ ས་ཁོངས་ནང་ལས་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ལུ་ཡང་ ནད་བཀག་སྨན་ཚུ་ཚུ་ གཏོར་དོ་ཡོདཔ་ཨིན་པས།
གུ་རུང་གིས་ སླབ་མིའི་ནང་ མི་ཚུ་ཡང་ བརྡ་དོན་ཤེས་ཡོན་སྤྲོད་དེ་ སྔོན་འགོག་གི་ ཐབས་ལམ་ཚུ་ བཏོན་ཐོག་ལས་རྐྱངམ་གཅིག་ འོང་བཅུག་དོ་ཟེར་ཨིནམ་ད་ ནད་གཞི་ཐོན་སའི་ ས་ཁོངས་ནང་ ཟླཝ་༡ གི་རིང་ ལྟ་རྟོག་འབད་འོང་ཟེར་ཨིན་པས།
སྡེ་ཚན་དེ་ ལྷན་ཁག་གི འགོ་འཛིན་པ་ ཌོག་ཊར་བ་སཱན་ཤར་མ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཆུ་ཁ་རྫོང་ཁག་ སྒོ་ནོར་སྡེ་ཚན་དང་ མི་མང་གསོ་བའི་འཕྲོད་སྟེན་ ཁྲིམས་སྲུང་འགག་སྡེ་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་ དེ་ལས་ རྩི་མ་གཤམ་ལུ་ཡོད་མི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་དང་ ས་གནས་ཀྱི་ དབང་འཛིན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ བྱ་ནད་བཀག་ནི་ལུ་ ཤུགས་བཏོན་པའི་བསྒང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *