སྤ་རོ་ཨེཕ་སི་ཚོགས་ཕྲན་གྱི་ རྩེད་འགྲན་པ་གསརཔ་ ཇི་ཏེན་ད་ར་ ཀར་ཀི་དང་ ན་ཝ་ཡུག་ ཤེ་རེསི་ཐ་ དེ་ལས་ ཇོརཇ་པ་རེསི་ཀར་ཀི།

ནེ་པཱལ་གྱི་ རྩེད་འགྲན་པ་གསུམ་གྱིས་ སྤ་རོ་ཨེཕ་སི་སྡེ་ཚན་ནང་ རྩེད་འགྲན་འབད་ནི།

༉ ན་ཧིང་ཚུན་ཚོད་ ཐིམ་ཕུག་མ་གཏོགས་ གཞན་སྤ་རོ་དང་ ཕུན་ཚོགས་གླིང་ དེ་ལས་ སྤུ་ན་ཁ་ལུ་ཡོད་མི་ ཕུཊ་བཱོལ་ཚོགས་ཕྲན་ཀ་ལཱབ་ ཕུད་རྡོག་རེ་ལས་བརྒལ་ མེད་མི་ལུ་བརྟེན་ སྡེ་ཚན་གཞན་ག་དང་གཅིག་ཁར་ཡང་ རྩེད་འགྲན་འབད་མ་དགོ་པར་ ཐད་ཀར་དུ་ རྒྱལ་ཡོངས་གནས་རིམ་གྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་ཆོགཔ་ཨིན་པས།
ཨིན་རུང་ དུས་ཅི་ལས་ བསྒྱུར་བཅོས་སོང་ཡོདཔ་ལས་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ བི་ཨོ་བི་རྒྱལ་ཡོངས་ལིག་ འགྲན་བསྡུར་གྱི་དོན་ལུ་ སྤ་རོ་དང་ ཕུན་ཚོགས་གླིང་གི་ ཚོགས་ཕྲན་ཚུ་གི་བར་ན་ མཐར་འཁྱོལ་གྱི་ རྩོད་འགྲན་འབད་ནི་ཨིན་པས།
ད་རེས་ནངས་པར་ ཐིམ་ཕུག་ལུ་ ཀ་ལཱབ་ཚོགས་ཕྲན་མངམ་ཡོད་ནི་དེ་གིས་ ད་ལྟོ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ པེབ་སི་ཐིམ་ཕུག་ལིག་རྩེད་འགྲན་དེ་ རྒྱལ་ཡོངས་གནས་རིམ་ནང་ མཐར་འཁྱོལ་གྱི་ རྩེད་འགྲན་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་ཨིན་པས།
སྤ་རོ་ལུ་འབད་བ་ཅིན་ ཚོགས་ཕྲན་གསརཔ་ཅིག་ཨིན་མི་ སྤ་རོ་ཨེཕ་སི་དང་ སྤ་རོ་ཡུ་ནའིཊེཌ་ཨེཕ་སི་གཉིས་ ཁ་ཙ་ ཝོ་ཆུ་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ ཤར་པ་སློབ་གྲྭའི་ རྩེད་ཐང་ནང་ རྩེད་འགྲན་འབད་ན་ིཨིན་པས།
སྤ་རོ་ཨེཕ་སི་ཚོགས་ཕྲན་དེ་ དུས་ཅི་སྤྱི་ཟླ་དང་པའི་ནང་ ཕུཊ་བཱོལ་ལུ་ སྤྲོ་བ་ཡོད་མི་ སྡེ་ཚན་ཅིག་གིས་ གཞི་བཙུགས་འབད་ཡོདཔ་ད་ ཚོགས་ཕྲན་དེ་གིས་ ད་རེས་ཀྱི་ རྩེད་འགྲན་དོན་ལུ་ ནེ་པཱལ་རྒྱལ་ཁབ་ལས་ རྒྱལ་ཡོངས་ཀྱི་ ཕུཊ་བཱོལ་རྩེད་འགྲན་པ་གསུམ་ ལེན་ཡོདཔ་ད་ ཁོང་གསུམ་ ཀཱཐ་མཱན་ཌུ་ལུ་ ཕུཊ་བཱོལ་སྡེ་ཚན་དྲག་ཤོས་ཅིག་ཨིན་མི་ ཊི་བུ་བཱན་དམག་མི་ཀ་ལབ་ནང་ རྩེད་འགྲན་འབདཝ་ཨིན་པས།
སྤ་རོ་ཨེཕ་སི་ཚོགས་ཕྲན་གྱི་གཙོ་འཛིན་ ཀརྨ་འཇིགས་མེད་ཀྱིས་ སླབ་མིའི་ནང་ རྒྱལ་སྤྱིའི་ཕུཊ་བཱོལ་རྩོད་འགྲན་པ་ཚུ་ ཁོང་གི་ཚོགས་ཕྲན་ནང་ ཡོད་མི་དེ་གིས་ རྒྱལ་ཁབ་ཀྱི་ རྩེད་འགྲན་པ་ཚུ་ལུ་ ཉམས་མྱོང་གསརཔ་འཐོབ་ནི་དང་ ཕུཊ་བཱོལ་གྱི་གནས་ཚད་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཀརྨ་འཇིགས་མེད་ཀྱིས་འབད་བ་ཅིན་ ཁོང་གིས་ ཀ་ལཱབ་ཚོགས་ཕྲན་བཟོ་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ ཕུཊ་བཱོལ་རྩེད་འགྲན་གོང་འཕེལ་དང་ ཡར་དྲག་གཏང་ཐབས་ལུ་ཟེར་ཨིན་པས།
ད་ལྟོ་རྒྱལ་ཁབ་ནང་ ཀ་ལཱབ་ཚོགས་ཕྲན་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་ནི་དེ་གིས་ དོ་འགྲན་གྱི་ གནས་ཚད་དེ་ཡང་ ཆུང་སུ་སྦེ་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལས་ཕར་ ཕུཊ་བཱོལ་ལུ་ སྤྲོ་བ་ཡོད་མི་ཚུ་ལུ་ གོ་སྐབས་གང་དྲག་བྱིན་ཞིནམ་ལས་ ད་ལྟོའི་གནས་ཚད་ལས་ དྲགཔ་བཟོ་ནི་གི་ རེ་བ་ཨིན་ཟེར་ ཀརྨ་འཇིགས་མེད་ཀྱིས་ བཤདཔ་ཨིན་པས།
རྒྱལ་ཡོངས་ཀྱི་རྩེད་འགྲན་དེ་ སྤྱི་ཟླ་༩ པའི་ཚེས་༡༥ ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ངོ་༢ ངོ་སྤྲོད་འབད་ཡོདཔ།

༉ འབྲུག་ཀུན་མཉམ་ཚོགས་པའི གཙོ་འཛིན་གྱིས་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་སྐོར་འགྱོཝ་དང་འབྲེལ་ འདེམས་ངོ་གསརཔ་༢ ངོ་སྤྲོད་འབད་ཡོདཔ་ཨིན་པས། ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ མོང་སྒར་ལུ་ ཚོགས་པའི་ཡིག་ཚང་ འགོ་འབྱེད་འབདཝ་དང་འབྲེལ་ བསོད་ནམས་མཆོད་རྟེན་དེ་ …

Leave a Reply

Your email address will not be published. Required fields are marked *