སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ནགས་ཚལ་འགོ་དཔོན་དང་ གླིང་འཛིན་པ་ཚུ་དང་གཅིག་ཁར་ ཉིནམ་བརྩི་སྲུང་འབད་ནུག།

ནགས་ཚལ་ལས་བྱེདཔ་ཚུ་གི་ གོ་གནས་རིམ་ལུགས་གསར་བཙུགས།

༉ ཁ་ཙ་ ཐིམ་ཕུག་ལུ་ འཛམ་གླིང་གླིང་འཛིན་པའི་ ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ ནགས་ཚལ་འགོ་དཔོན་དང་ གླིང་སྐྱོང་པ་ གླིང་འཛིན་པ་ ནགས་ཚལ་ལས་བྱེདཔ་ཚུ་གི་ གོ་གནས་རིམ་ལུགས་གསརཔ་ གཞི་བཙུགས་འབད་ཡི།
ནགས་ཚལ་ལས་ཁུངས་ནང་ གལ་གནད་ཅན་གྱི་ ལས་རིམ་གསརཔ་གཞི་བཙུགས་འབད་མི་དེ་ ཕྱག་ཕྱིད་གང་དྲག་ཞུ་མི་ ནགས་ཚལ་འགོ་དཔོན་དང་ གླིང་འཛིན་པ་ཚུ་ ངོས་འཛིན་ཐོག་ གོ་ས་བཀལ་ནིའི་ རིམ་ལུགས་ཅིག་ཨིན་མི་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ དབྱེ་རིམ་གོ་གནས་ལམ་ལུགས་དང་འཁྲིལ་ཨིན་པས།
གོ་ས་བཀལ་ཐངས་ཀྱི་ ལམ་ལུགས་དེ་ ཁོང་རའི་གོ་གནས་དང་འཁྲིལ་ རྒྱལ་ཡོངས་མེ་ཏོག་དང་ རྟགས་མཚན་ དེ་ལས་ རྣམ་པ་གཞན་གྱི་ཐོག་ལས་ ནགས་ཚལ་དང་ སོ་ནམ་བློན་པོ་ ཡོ་ཤེས་དཔལ་འབྱོར་གྱིས་ ནགས་ཚལ་ལས་བྱེདཔ་ཚུ་ལུ་ གོ་ས་ཚུ་བྱིན་ཡི།
གོ་ས་གི་ རྣམ་པ་ཚུ་ཡང་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་བདག་འཛིན་དང་ ཉམས་སྲུང་འབད་ནི་ལུ་ ཅི་ལྕོགས་གང་ལྕོགས་ཐོག་ལས་ ཕྱག་ཞུ་བའི་ བརྡ་མཚོན་དང་ དུས་གསུམ་ལུ་ ཕན་ཐོགས་ཚུགསཔ་སྦེ་ ཕྱག་ཞུ་བའི་ རྟགས་མཚན་ཨིན་ཟེར་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
འཛམ་གླིང་ནང་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ འཛམ་གླིང་གླིང་འཛིན་པའི་ཉིནམ་ བརྩི་སྲུང་ཞུ་མི་དེ་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནིའི་དོན་ལུ་ རང་སོའི་འགན་འཁྲི་འབག་སྟེ་ ཕྱག་ཞུ་བའི་སྐབས་ ནགས་ལས་བྱེདཔ་ཚུ་གི་ ཚེ་སྲོག་ལུ་ བར་ཆད་བྱུང་མི་ཚུ་ རྗེས་སུ་དྲན་ནིའི་དོན་ལས་ཨིན་པས།
ཉིནམ་བརྩི་སྲུང་དང་འབྲེལ་ཏེ་ འབྲུག་འཛིན་སྐྱོང་དོན་སྨིན་ཅན་དང་ འཚོལ་ཞིབ་མཉེན་ཆས་ འགོ་འབྱེད་འབད་བའི་ཁར་ ནགས་ཚལ་ཤས་བྱེད་པའི་ སྒྲིག་གོ་ཨང་རྟགས་ དེ་ལས་ ཐབས་བྱུས་དང་ སྲུང་སྐྱོབ་ས་ཁོངས་ལམ་སྟོན་ སྐྱེ་ལྡན་རིགས་སྣ་ལྟ་རྟོག་འབད་ནི་དང་ མི་སྡེ་བརྟག་ཞིབ་མགྲོན་སྐྱོང་དཀྱི་ ལག་དེབ་ཚུ་ གསར་བཏོན་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *