བཟའ་ཚང་ལ་ལོ་ཅིག་ རླུང་འཚུབས་ཀྱིས་ གནོད་སྐྱོན་རྐྱབ་མི་ ཁྱིམ་ཚུ་ནང་ར་ སྡོདཔ་ཨིན་པས།

ན་རོ་ལུ་ རླུང་འཚུབས་ཀྱིས་ ཁྱིམ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༤ གི་ དྲོ་པ་ཁམས་ཅིག་ཁར་ ཐིམ་ཕུག་ན་རོ་རྒེད་འོག་དང་ མགར་ས་ལུག་ནང་ན་རྒེད་འོག་ནང་ ཁྱིམ་༦ དང་ མི་མང་གཞི་རྟེན་ཁང་གི་ ཁྱིམ་ཐོག་ཚུ་ རླུང་འཚུབས་ཀྱིས་ འཕྱགས་བདའ་ཡོདཔ་ཨིན་པས།
ན་རོ་རྒེད་འོག་ནང་ ཤིང་ཅིག་འགྱེལ་འོང་མི་ལུ་བརྟེན་ ཐོག་ཚད་༡ འབད་མི་ཁྱིམ་དེ་ རྩ་བ་ལས་ར་ རམ་བཏང་ཡོདཔ་ལས་ བཟའ་ཚང་༤ ལུ་ སྡོད་གནས་མེདཔ་ བཟོ་ཡོདཔ་ཨིན་པས།
ད་རུང་ ཁྱིམ་གཞན་ཚུ་གི་ ཁྱིམ་ཐོག་དང་ གསང་སྤྱོད་ཚུ་ ཆ་ཤས་མེདཔ་བཏང་ཡོད་རུང་ མི་ལུ་ གནོད་སྐྱོན་བྱུང་བའི་ སྙན་ཞུ་མེདཔ་ཨིན་པས།
ཐིམ་ཕུག་རྐྱེན་ངན་འཛིན་སྐྱོང་གི་མགྲིན་ཚབ་ རྟ་འགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ རླུང་འཚུབས་ཀྱིས་ མེདཔ་བཏང་མི་ཁྱིམ་ཚུ་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་དང་ ཉེན་བཅོལ་འབད་དེ་འདུག་ཟེར་ཨིན་པས།
རྫོང་ཁག་དང་ ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ད་རེས་ རླུང་འཚུབས་ཀྱིས་ མེདཔ་བཏང་མི་ཁྱིམ་དང་ མི་མང་གཞི་རྟེན་ཁང་ཚུ་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་ད་ རྒུད་འཐུས་ཚུ་ཡང་ བརྟག་ཞིབ་སྙན་ཞུ་དང་འཁྲིལ་ཏེ་ བྱིན་འོང་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པས།
རྫོང་ཁག་རྐྱེན་ངན་འཛིན་སྐྱོང་སྡེ་ཚན་གྱིས་ ཉམས་རྒུདཔ་བཟའ་ཚང་ཚུ་ལུ་ ཆུ་ཐུབ་རས་ཆ་ ཏིར་པཱལ་དང་ གཞི་རྟེན་མཁོ་ཆས་ཚུ་ བྱིན་ཡོདཔ་ཨིན་པས།
སྡོད་གནས་མེད་མི་ ཉམས་རྒུདཔ་བཟའ་ཚང་ལ་ལོ་ ཁྱིམ་ཚང་ཚུ་ནང་ གནསཔོ་བརྙ་སྟེ་དང་ བཟའ་ཚང་ལ་ལོ་ ཁྱིམ་མེདཔ་ཐལ་མི་ཚུ་ནང་ར་ སྡོད་དོ་ཡོད་པའི་ ལོ་རྒྱུས་འདུག།
ལུག་ནང་ན་ མཚོ་གཞོང་སྤྱི་འོག་ནང་ མན་ཌལ་ཐང་རྒྱ་སྐྱེད་སློབ་ཁང་གི་ ཁྱིམ་ཐོག་ཚུ་ཡང་ དྲོ་པ་ཆུ་ཚོད་༡༠ དེ་ཅིག་ཁར་ རླུང་འཚུབས་ཀྱིས་ འཕྱགས་བདའ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་ཁ་མཐོ་སའི་ས་གནས་གཞན་ སྲོས་དང་ གླིང་བཞི་རྒེད་འོག་ཚུ་ནང་ རླུང་འཚུབས་འཕུ་ཡོད་རུང་ གནོད་སྐྱོན་བྱུང་ཡོད་པའི་ སྙན་ཞུ་མེདཔ་ཨིན་པས།
ན་རོ་རྒཔོ་ དབང་ཕྱུག་གིས་ སླབ་མིའི་ནང་ ལུང་ཕྱོགས་དེ་ཚུ་ནང་ ཧེ་མ་ཡང་ རླུང་འཚུབས་དང་ རྐྱེན་ངན་གཞན་ བྱུང་ཡོད་རུང་ ཨ་རྟག་འབད་བ་ཅིན་ འབྲུག་ཟླ་དང་པ་ མཇུག་བསྡུ་ཁམས་ལུ་ འབྱུང་ནི་ཡོད་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་ནོར་བུ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *