དབང་བཙོང་ལུས་འབྲེལ་གྱི་ དཔའ་བཅམ་མི་ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་ཕྱེད་དང་༦ བཀལ་ཡོདཔ།

༉ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༠ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་ཕྱེད་དང་༦ བཀལ་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༤ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ བསམ་རྩེ་གསང་སྔགས་ཆོས་གླིང་རྒེད་འོག་ ཐར་ཕུག་ལས་ཨིན་མི་ཉེས་ཅན་ པིན་ཐ་ཀུ་བར་ལིམ་བུ་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ ཁོ་རའི་ཆ་རོགས་ རཊ་ན་ག་ལེ་དང་གཅིག་ཁར་ གའི་ཏང་གི་ཁྱིམ་ནང་ བཤལ་བར་སོང་སྟེ་ ལོག་འོང་བའི་ལམ་ཁར་ ཉམས་རྒུད་པའི་ཨང་རྒས་ཀྱི་ ཁྱིམ་ནང་སོང་སྟེ་ དངུལ་ཀྲམ་༣༠ སྤྲོད་དེ་ སྦང་ཆང་ཉོ་འཐུང་པའི་སྐབས་ བྱུང་ཡོདཔ་ཨིན་པས།

དེ་ཡང་ ཉེས་ཅན་གྱིས་ ཁོ་དང་གཅིག་ཁར་ སྦང་ཆང་འཐུང་མི་ རཊ་ན་ག་ལེ་དང་ ཀན་ཙ་གཉིས་ རང་སོའི་ཁྱིམ་ནང་ ལོག་སོང་ཡོད་རུང་ ཉེས་ཅན་གྱིས་ ཉམས་རྒུད་པའི་ ཨང་རྒས་ཀྱི་ཁྱིམ་ནང་སྡོད་ཞིནམ་ལས་ ཨང་རྒས་དེ་ ཕྱི་རུ་ཁྱིམ་གྱི་ཕྱི་ཁར་ ནོར་བདའ་བར་འགྱོ་སྡོད་པའི་སྐབས་ བུམོ་ཅུང་དེ་ མཆོད་གཤམ་ནང་སྦེ་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་ད་ ཨང་རྒས་ཀྱིས་མཐོངམ་ལས་ ལུས་འབྲེལ་འབད་མ་ཚུགསཔ་ཨིན་པས།

ཉེས་ཅན་གྱིས་ བྱ་ངན་འབད་བའི་ ཁ་བཟེད་ཡོད་པའི་ཁར་ ཁོ་གིས་ ཁྲིམས་འདུན་ལུ་ ཉེས་ཁྲིམས་དམའ་ཤོས་གནང་དགོཔ་སྦེ་ ཞུ་ཡོད་རུང་ ཁོ་གིས་འབད་མི་བྱ་ངན་དེ་ སྐྱེས་ལོ་༡༢ མན་ཆད་འབད་མི་བུམོ་ལུ་ དབང་བཙོང་ལུས་འབྲེལ་གྱི་ དཔའ་བཅམ་པའི་ ཉེས་ཁྲིམས་སྨིན་དགོ་རུང་ ཉམས་རྒུདཔ་བུམོ་དེ་ལུ་ རྨ་སྐྱོན་དང་ ཁྲག་བཏོན་སོགས་ ག་ནི་ཡང་མ་བྱུངམ་ལས་ ཨང་རྒས་ཀྱིས་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་མི་དེ་ལུ་ མ་བཏུབ་མེད་ཟེར་ ཞུ་ཡོདཔ་མ་ཚད་ རྒུད་འཐུས་སྤྲོད་ནིའི་ ལྕོགས་གྲུབ་ཡང་མེདཔ་ལས་ རྒུད་འཐུས་སོགས་ག་ནི་ཡང་ སྤྲོད་མ་དགོ་པའི་ འཁྲུན་ཆོད་གནང་ནུག།

ཉེས་ཅན་གྱིས་འབད་མི་ལཱ་དེ་ དབྱེ་རིམ་དང་པའི་ ཉེས་ཁྲིམས་ཕོག་ནི་ཨིན་རུང་ ཁོ་གིས་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མ་ཚུགསཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༣༤ པའི་ ཀ་པ་དང་འཁྲིལ་ ཁོ་ར་ འཛིན་བཟུང་འབད་བའི་ ཚེས་གྲངས་ལས་འགོ་བཙུགས་ཏེ་ ལོ་༥ དང་ཟླཝ་༦ བཀལ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མཚན་མ་གཅིག་ལུ་དགའ་མི་ཚུ་ལུ་ མི་སྡེ་གིས་ བརྩི་མཐོང་བསྐྱེད་དགོཔ།

༉ རྒྱལ་སྤྱི་མཚན་མ་གཅིག་དང་ མཚན་མ་གཉིས་ལུ་དགའ་མི་ དེ་ལས་ མོ་གིས་ཕོ་བཟོ་སྡོད་མི་དང་ ཕོ་གིས་མོ་བཟོ་སྡོད་མི་ཚུ་ལུ་ མ་དགའ་བའི་ ཉིནམ་དེ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཐིམ་ཕུག་ མིག་དམར་ཟ་ཁང་ནང་སྦེ་ བརྩི་སྲུང་འབད་ཡི། ལས་རིམ་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *