དགེ་ལེགས་ཕུག་ལུང་ཕྱོགས་ནང་ མེ་རླུང་རྒྱ་རྫི་མ་ལང་པའི་དཀའ་ངལ།

༉ དགེ་ལེགས་ཕུག་ལུང་ཕྱོགས་ནང་ མེ་རླུང་རྒྱ་རྫི་བཀྲམ་སྤེལ་འབད་མ་ཚུགས་པར་ བདུན་ཕྲག་ལྷག་སོཔ་ལས་ གསར་སྤང་དང་ རྩི་རང་ དར་དཀར་ནང་ གཞལམ་སྒང་ བུམ་ཐང་ ཀྲོང་གསར་རྫོང་ཁག་༦ ནང་ མེ་རླུང་ཡོད་མི་ རྒྱ་རྫི་མ་ཐོབ་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
རྩི་རང་ལུ་འབད་བ་ཅིན་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་མི་༡༥ དེ་ཅིག་གིས་ ཉིན་བསྟར་བཞིན་དུ་ རྒྱ་རྫི་བཀྲམ་སྤེལ་ཁང་ནང་འོང་སྟེ་ རྒྱ་རྫི་ལྷོད་མ་ལྷོད་སྐོར་ དྲི་བ་འོང་དོ་ཡོདཔ་ད་ རྒེད་འོག་ཚུ་ནང་སྡོད་མི་ མི་སེར་ཚུ་ རྒྱ་རྫི་སྟོངམ་ཚུ་ ཁོང་རའི་སྣུམ་འཁོར་ཀཱར་ནང་ བཙུགས་འབག་འོང་ཞིནམ་ལས་ མེ་རླུང་ཡོད་མི་ རྒྱ་རྫི་ལུ་ བསྒུག་སྡོད་དེ་ ཉིནམ་དག་པ་ཅིག་ ཡར་སོ་ནུག།
ལས་འཛིན་ཅིག་ནང་ ལཱ་འབད་མི་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁོ་གི་ མེ་རླུང་དེ་ སྤྱི་ཟླ་༦ པའི་ཚེས་༡༢ ལས་ རྫོགས་སོཔ་ལས་ བཞེས་སྒོ་འབད་ནིའི་ མཐུན་རྐྱེན་གཞན་མེད་པར་ ཆ་རོགས་ཅིག་ལས་ མེ་རླུང་རྒྱ་རྫི་ཅིག་ བརྙ་ཐོག་ལས་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མེ་རླུང་རྒྱ་རྫི་ཚུ་ འཕྲལ་མགྱོགས་ར་ ལྷོད་ནི་གི་ རེ་བ་བསྐྱེད་མི་དེ་ཡང་ ཁོ་གིས་ ཆ་རོགས་ལས་ མེ་རླུང་རྒྱ་རྫི་ལེན་མི་དེ་ དུས་ཚོད་ཁར་ ཚབ་སྤྲོད་ཐབས་ལུ་ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ཡོད་མི་ ལུང་ཕྱོགས་འཛིན་སྐྱོང་པ་ གནས་བརྟན་གྱིས་ སླབ་མིའི་ནང་ རྒྱ་གར་ལས་ མེ་རླུང་རྒྱ་རྫི་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཕུད་རྡོག་གཅིག་ལས་བརྒལ་མེད་མི་དེ་ ད་ལྟོ་ བཅོ་ཁ་རྐྱབ་པའི་བསྒང་ཡོད་ཟེར་ཨིནམ་ད་ སྣུམ་འཁོར་མེདཔ་ཐལ་མི་ལུ་བརྟེན་ ང་བཅས་ཀྱིས་ མེ་རླུང་རྒྱ་རྫི་ཚུ་ ལེན་འབག་འོང་མ་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨིན་རུང་ སྣུམ་འཁོར་དེ་ ནངས་པ་ལས་ འགྲོ་འགྲུལ་འབད་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ མི་རླུང་ཡོད་མི་ རྒྱ་རྫི་ཚུ་ཡང་ སྤྱི་ཟླ་༦ པའི་ཚེས་༡༥ འི་ཕྱི་རུ་ཁམས་ཅིག་ཁར་ ལྷོད་འོང་ཟེར་ ཁོ་གིས་ བཤད་པའི་ཁར་ རྫོང་ཁག་གཞན་༥ ནང་ མེ་རླུང་རྒྱ་རྫི་ཚུ་ དེ་གི་ནངས་པར་ འཐོབ་ཚུགས་འོང་ཟེར་ བཤདཔ་ཨིན་པས།
མ་གཞི་ གོང་ཚད་ཕབ་ཆག་ཐོབ་མི་ རྒྱ་རྫི་ཚུ་ བཀྲམ་སྤེལ་ཁང་ནང་ རྫོགས་སོ་རུང་ འབྲུག་པེ་ཊོ་ལི་ཡམ་ལས་འཛིན་དེ་ ཕབ་ཆག་མེད་པའི་ མི་རླུང་རྒྱ་རྫི་བཙོང་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།
རྩི་རང་གི་ ཡན་ལག་འཛིན་སྐྱོང་པ་ བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གོང་ཚད་ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་ཚུ་ སྤྱི་ཟླ་༢ པའི་ནང་ ལྷོད་ཡོད་རུང་ ད་ཚུན་གྱི་བར་ན་ རྒྱ་རྫི་༨ མ་གཏོགས་ བཙོང་མ་ཚུགས་ཟེར་ཨིན་པས།
རྩི་རང་ལུ་ ཕབ་ཆག་མེད་པའི་ མེ་རླུང་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༢,༣༨༥ གནས་དོ་ཡོདཔ་ད་ དགེ་ལེགས་ཕུག་གིས་ སྤྱི་ཟླ ༢ པ་ལས་ཚུར་ ཕབ་ཆག་མེད་པའི་ རྒྱ་རྫི་༣༠༠ ལྷགཔ་ཅིག་ ཐོབ་ཡོད་རུང་ ད་ཚུན་གྱི་བར་ན་ རྒྱ་རྫི་༡༠༠ དེ་ཅིག་ཡང་ བཙོང་མ་ཚུགས་པའི་གནས་ཚུལ།

About admin

Check Also

འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ངོ་༢ ངོ་སྤྲོད་འབད་ཡོདཔ།

༉ འབྲུག་ཀུན་མཉམ་ཚོགས་པའི གཙོ་འཛིན་གྱིས་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་སྐོར་འགྱོཝ་དང་འབྲེལ་ འདེམས་ངོ་གསརཔ་༢ ངོ་སྤྲོད་འབད་ཡོདཔ་ཨིན་པས། ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ མོང་སྒར་ལུ་ ཚོགས་པའི་ཡིག་ཚང་ འགོ་འབྱེད་འབདཝ་དང་འབྲེལ་ བསོད་ནམས་མཆོད་རྟེན་དེ་ …

Leave a Reply

Your email address will not be published. Required fields are marked *