ཟམ་༤ པོ་ཆ་ར་ སྤྱི་ལོ་༢༠༢༠ འི་བར་མཚམས་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།

དགེ་ལེགས་ཕུག་དང་ ཀྲོང་གསར་གྱི་གཞུང་ལམ་བར་ན་ ཟམ་༤ བཟོ་སྐྲུན་འབད་ནི།

༉ དགེ་ལུགས་ཕུག་དང་ ཀྲོང་གསར་གྱི་གཞུང་ལམ་བར་ན་ ལྗིད་ཚད་ཐེབས་འབག་ཚུགས་མི་དང་ རྒྱ་ཚད་སྦོམ་སུ་འབད་མི་ ཟམ་༤ བཟོ་སྐྲུན་འབད་ནི་ཨིན་པས།
ཟམ་ཚུ་ཡང་ ཏེ་ལི་སྒང་ཆུ་ཟམ་དང་ བི་ཏི་ནི་ཟམ་ དེ་ལས་ བསམ་ཁ་ར་དང་ པ་སངས་ཟམ་ཚུ་ཨིནམ་ད་ ཡུ་ཨེསི་ཌོ་ལར་ས་ཡ་༡༧ གནས་པའི་ལས་འགུལ་དེ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་གིས་ ཟད་འགྲོ་གཏང་ནི་ཨིན་པས།
ཏེ་ལི་སྒང་ཆུ་ཟམ་གྱི་ ས་ཁོངས་འཛིན་སྐྱོང་པ་ མ་ས་རུ་ ཧ་ཡ་སི་གིས་ སླབ་མིའི་ནང་ ཧེ་མ་ལས་ཡོད་མི་ཟམ་༤ གིས་ དོ་ལྗིད་ཚད་མེ་ཊིག་ཊཱོན་༥༥ རེ་ འབག་ཚུགས་རུང་ ཟམ་གསརཔ་རྐྱབ་པའི་ཤུལ་ལས་ མེ་ཊིག་ཊཱོན་༡༠༠ ལུ་ ཡར་སེང་འབད་འོང་ཟེར་ཨིན་པས།
ལྗིད་ཚད་ཐད་ཁར་ ཟམ་རེ་གིས་ ས་རྐོ་འཕྲུལ་ཆས་༢ རེ་ འབག་ཚུགས་ནི་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ གློག་མེ་ལས་འགུལ་ལེ་ཤ་ འགོ་བཙུགས་ནི་ཨིནམ་ལས་ ད་ལྟོའི་ཟམ་ཚུ་གིས་ དོ་འབག་ནི་དེ་ ཉེན་ཁ་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ ཟམ་༤ པོ་ཆ་རའི་ནང་ སེར་གུ་ཚུ་ ཐོན་ཡོདཔ་མཐོངམ་ལས་ ཉེན་ཁ་འདུག་ཟེར་ཨིནམ་ད་ ད་རེས་ ལས་འགུལ་དེ་ནང་ ལས་མི་༧༠ ཡོད་ས་ལས་༣༠ འབྲུག་མི་ཚུ་ཡོདཔ་ཨིན་པས།
པ་སངས་ཟམ་ ལོག་བཟོ་སྐྲུན་འབད་ནི་དེ་ཡང་ ན་ཧིང་ སྤྱི་ཟླ་༩ པ་ལས་ འགོ་བཙུགས་ཡོདཔ་ད་ ཟམ་གཞན་མི་ཚུ་ ཟླཝ་༣ གྱི་ཧེ་མར་ འགོ་བཙུགས་ཡོདཔ་ཨིན་པས།
མ་ས་རུ་གིས་ སླབ་མིའི་ནང་ ལས་འགུལ་དེ་ སྤྱི་ལོ་༢༠༢༠ ལུ་ དའི་ ནི་པཱོན་བཟོ་སྐྲུན་ལས་སྡེ་གིས་ མཇུག་བསྡུ་འོང་ཟེར་ཨིནམ་ད་ ཇ་པཱན་ལས་སྡེ་གིས་ ད་ཚུན་ རྒྱལ་ཁབ་ནང་ ཟམ་༢༢ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
དབང་འདུས་ལུ་ཡོད་མི་ ཆུ་འཛོམས་ས་ལུ་ བཟོ་སྐྲུན་འབད་མི་ཟམ་དེ་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་ཡོདཔ་ད་ ཟམ་༤ མ་བརྩིས་པར་ ད་ཚུན་ ཡཱོན་ཐེར་འབུམ་༨ ཟད་འགྲོ་བཏང་ཐོག་ལས་ ཟམ་༢༢ བཟོ་སྐྲུན་འབད་ནུག།
འབྲུག་དང་ ཇ་པཱན་གྱི་བར་ན་ ཟམ་བཟོ་སྐྲུན་འབད་ནི་དེ་ སྤྱི་ལོ་༡༩༩༧ ལས་ རྒྱལ་ཡོངས་གཞུང་ལམ་བདའ་སྟེ་ འགོ་བཙུགས་ཡོདཔ་ད་ འབྲུག་ལུ་ ཁས་བླངས་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ ལོ་ངོ་༣༠ ལང་བའི་དུས་སྟོན་དེ་ཡང་ རྒྱལ་ཁབ་༢ ཀྱིས་ བརྩི་སྲུང་འབད་དོ་ཡོད་པའི་གནས་ཚུལ།

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *