རྦོབ་རིལལ་མི་སྣུམ་འཁོར་བོ་ལི་རོ།

ཐུག་རྐྱེན་ནང་ དེད་གཡོགཔ་ཁ་འཐུམ་ མར་བསད་ཡོདཔ།

༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤.༣༠ དེ་ཅིག་ཁར་ སྣུམ་འཁོར་བོ་ལི་རོ་ཅིག་ ཡོ་སྟོང་ལའི་ སྦོ་ལོགས་ཁར་ ལམ་འོག་ལས་མར་ མི་ཊར་༡༥༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ དེད་གཡོགཔ་དེ་ ས་ཁོངས་དེ་ནང་ར་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

རྐྱེན་ངན་བྱུངམ་ད་ སྣུམ་འཁོར་དེ་ནང་ ཚེ་འདས་ཕོ་སྐྱེས་ཁོ་ར་རྐྱངམ་གཅིག་མ་གཏོགས་ ལམ་འགྲུལཔ་གཞན་མེདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་དང་འཁྲིལཝ་ད་ ཀྲོང་གསར་རྫོང་ཁག་ སིམ་ཕུག་ལས་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་དེ་ བུམ་ཐང་ལས་ ལོག་འོངམ་ད་ རྐྱེན་ངན་བྱུང་ནུག་ཟེར་ཨིནམ་ད་ དེད་གཡོགཔ་དེ་ལུ་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་མེདཔ་ཨིན་པས།

ཐུག་རྐྱེན་དེ་ཡང་ ས་སྨུག་སྤུབས་ཡོདཔ་ལས་ ལམ་མིག་གིས་མ་མཐོང་པར་ བྱུང་བྱུངམ་བཟུམ་ཡོདཔ་ད་ ཚེ་འདས་ཀྱི་ཕུངམ་དེ་ ཁོ་རའི་ཉེ་ཚན་ཚུ་ལུ་ བརྩིས་སྤྲོད་ཡོད་པའི་གནས་ཚུལ།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *