མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་དང་ རྒྱལ་སྲསམོ་བདེ་ཆེན་གཡང་འཛོམས་དབང་ཕྱུག་ རྒྱལ་སྲསམོ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་རྣམ་གསུམ་གྱིས་ རྒྱལ་ཆེན་གྱི་སྐུ་འཁོར་ ཕེབས་བསུ་ཞུ་བའི་བསྒང་།

ཇ་པཱན་གྱི་ རྒྱལ་ཆེན་གྱི་སྐུ་འཁོར་ རྒྱལ་ཁབ་ནང་ཕེབས་ཡོདཔ།

༉ ཇ་པཱན་གྱི་ རྒྱལ་ཆེན་གྱི་ བརྒྱུད་འཛིན་རྒྱལ་སྲས་དང་ ལྕམ་ཨ་ཀི་ཤི་ནོ་རྣམ་གཉིས་ སྲས་ཧི་ས་ཧི་ཏོ་དང་གཅིག་ཁར་ འབྲུག་ལུ་ ཉིན་གྲངས་༡༠ གྱི་དོན་ལས་ སྐུ་སྒེར་གཟིགས་སྐོར་ནང་ ཕེབས་ཏེ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ཕེབས་ད་ རྒྱལ་ཆེན་གྱི་ སྐུ་འཁོར་དེ་ རྒྱལ་སྲསམོ་བསོད་ནམས་བདེ་ཆེན་དབང་ཕྱུག་དང་ རྒྱལ་སྲསམོ་བདེ་ཆེན་གཡང་འཛོམས་དབང་ཕྱུག་ རྒྱལ་སྲསམོ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་རྣམ་གསུམ་གྱིས་ ཕེབས་བསུ་ཞུ་ནུག།
ད་རིས་ རྒྱལ་ཆེན་གྱི་ སྐུ་འཁོར་དེ་ སྤ་རོ་ལས་ ཐིམ་ཕུག་ལུ་ འབྱོན་གནང་ནི་ཨིནམ་བཞིན་དུ་ སྐུ་འཁོར་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ནི་གི་ ལས་འཆར་ཡོདཔ་ད་ གཟིགས་སྐོར་གྱི་སྐབས་ལུ་ ལྷ་ཁང་དགོན་སྡེ་དང་ གནས་རྩ་ཆེན་ཚུ་ནང་ འབྱོན་ནི་ཨིན་པས།
ཇ་པཱན་གྱི་ སྐུ་འཁོར་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ མགྲོན་བརྡ་ཐོག་ལུ་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ བྱོན་ཡོད་པའི་གནས་ཚུལ།

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *