ཆུ་ཤོག་ག་ར་ བཀག་དམ་མེནམ་ཨིན་ན?

༉ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡ ལས་ འབྲུག་རྒྱལ་ཁབ་ནང་ གྱིབ་ཤོག་དང་ ཆུ་ཤོག་ཚུ་ ཕད་ཅུང་སྦེ་ ལག་ལེན་འཐབ་ནི་དེ་ བཀག་དམ་འབད་ཡོད་མི་ལུ་ ཡིད་ཆེས་ངལ་རངས་སྦོམ་ཡོད་ཟེར་ཞུ་ནི།
དེ་ཡང་ ཆུ་ཤོག་བཀག་དམ་གྱིས་ ཕྱགས་སྙིགས་འཛིན་སྐྱོང་གི་ གདོང་ལེན་བྱུང་མི་དེ་ མར་ཕབ་འབད་ནི་དང་ རྒྱལ་ཁབ་གཙང་ལྡན་བཞག་ནི་ལུ་ ལྷན་ཐབས་འབྱུང་ནི་གི་ གོ་སྐབས་ཡོད་མི་ལུ་བརྟེན་ཨིན་ཟེར་ཞུ་ནི།
ཨིན་རུང་ ཐིམ་ཕུག་ཁྲོམ་བཟུམ་ཅིག་ནང་འབད་བ་ཅིན་ ཆོས་གཞི་ཅན་གྱི་ ཆུ་ཤོག་དང་ གྱིབ་ཤོག་ཚུ་ ལག་ལེན་འཐབ་ནི་མེན་རུང་ ཚོས་གཞི་དཀརཔོ་འབད་མི་ ཆུ་ཤོག་ཚུ་ ཚོད་བསྲེ་ཚོང་ཁང་དང་ ཤ་ཁང་ཚུ་ནང་ ཚོད་བསྲེ་དང་ ཤ་རིགས་འདེགས་བྱིན་མི་ལུ་བལྟ་སྟེ་ ཧ་ལས་དགོཔ་ བྱུང་ཡི་ཟེར་ཞུ་ནི།
ང་བཅས་ཀྱི་ རེ་བ་ལས་འབད་བ་ཅིན་ ཆུ་ཤོག་ཟེར་བའི་བསྒང་ལས་ ཆུ་ཤོག་རིགས་རྩ་ལས་ ལག་ལེན་འཐབ་མི་ཆོག་ནི་བཟུམ་ གོ་བ་ལེན་ཡོདཔ་ད་ ཚོས་གཞི་དཀརཔོ་འབད་མི་ ཆུ་ཤོག་ལག་ལེན་འཐབ་པ་ཅིན་ བཀག་དམ་དང་ རྒྱབ་འགལ་འགྱོཝ་མ་ཚད་ དགོད་བྲ་བའི་ གཞི་གནད་ཅིག་ཡང་ཨིན་མས་ཟེར་ཞུ་ནི།
འབྲུག་ལུ་ ལོ་ངོ་༡༩ གི་ཧེ་མར་ཡང་ ཆུ་ཤོག་དང་ གྱིབ་ཤོག་ཚུ་ ལག་ལེན་བཀག་དམ་འབད་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགས་མི་དེ་ཡང་ བཀག་དམ་འབད་ཞིནམ་ལས་ རྗེས་དཔྱད་དང་ ལྟ་རྟོག་ནང་ འཐུས་ཤོར་བྱུང་མི་ལུ་བརྟེན་ཨིན་མས་ཟེར་ཞུ་ནི།
ད་རེས་ཀྱི་ གནས་སྟངས་ལུ་བལྟ་རུང་ ཆུ་ཤོག་དང་ གྱིབ་ཤོག་བཀག་དམ་འབད་མི་ཚུ་ མཐར་འཁྱོལ་མི་འབྱུང་ནི་བཟུམ་མའི་ མཐོང་སྣང་བྱུང་དོ་ཡོདཔ་ད་ ང་བཅས་ཀྱིས་ བཀག་དམ་ལུ་ ངོས་ལེན་སྒྲིང་སྒྲི་འབད་བ་ཅིན་ ཆུ་ཤོག་ག་ཅི་བཟུམ་ཨིན་རུང་ ལག་ལེན་རྩ་ལས་མེདཔ་ བཟོ་དགོ་ཟེར་ཞུ་ནི།

པདྨ་རྡོ་རྗེ།
ཨོ་ལ་ཁ། ཐིམ་ཕུག།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *