ཆུ་ལུ་བརྟེན་པའི་ གློག་མེ་བཟོ་མི་ཚུ་གིས་ ཚན་རིག་ཐོག་ལས་ ཆུ་འབབ་གནས་སྟངས་དབྱེ་ཞིབ་འབད་ནི་ལྷབ་ཡོདཔ།

༉ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ གཙང་ཆུ་ཚུ་གི་ ཆུ་འབབ་གནས་སྟངས་དབྱེ་ཞིབ་འབད་ནིའི་དོན་ལས་ ཆུ་ལུ་བརྟེན་པའི་ གློག་མེ་གོང་འཕེལ་གཏང་མི་ཚུ་ལུ་ སྦྱོང་བརྡར་བྱིན་ནུག།
ཆུ་འབབ་གནས་སྟངས་དེ་ སྐྱེ་ལྡན་གནས་སྟངས་རིམ་ལུགས་དང་ མི་གི་འཚོ་བའི་མཐུན་རྐྱེན་དང་ དེ་ལས་ སྐྱེ་ལྡན་གནས་སྟངས་ལུ་ བརྟེན་དགོ་མི་ག་རའི་དོན་ལུ་ ཆུའི་ཚད་གཞི་དང་དུས་ཚོད་ དེ་ལས་ ཆུའི་སྤུས་ཚད་ གཙང་ཏོག་ཏོ་སྦེ་ གནས་ནིའི་དོན་ལུ་ ངེས་པར་དུ་དགོཔ་ཨིན་པས།
ཨཱསི་ཊི་རི་ཡན་གོང་འཕེལ་ངོ་ཚབ་ཀྱིས་ མ་དངུལ་གྱི་རྒྱབ་སྐྱོར་མི་ ལས་འགུལ་གྱི་ ཡན་ལག་བཟུམ་ཅིག་སྦེ་ མཐའ་འཁོར་ལྷན་ཚོགས་ཀྱིས་ ལས་འགུལ་དེའི་ཐོག་ ཡིག་ཚང་ལྟེ་བའི་ལས་བྱེདཔ་ཚུ་ལུ་ ཚན་རིག་ཐོག་ལས་ ཆུ་འབབ་གནས་སྟངས་དབྱེ་ཞིབ་འབད་ནིའི་ སྦྱོང་བརྡར་བྱིན་ནུག།
ལྷན་ཚོགས་ཀྱི་ མཐའ་འཁོར་འགོ་དཔོན་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ ཆུ་འབབ་གནས་སྟངས་དབྱེ་ཞིབ་འབད་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ དེ་ཡང་ གློག་མས་ལས་འགུལ་ཚུ་ནང་ ཀི་ལོ་མི་ཊར་༥ ལས་༡༥ དེ་ཅིག་ནང་ ཆུ་མེད་པའི་ས་ཁོངས་ཡོད་མི་དེ་ནང་ སྐྱེ་ལྡན་ལམ་ལུགས་ཚུ་ འཚོ་ཐབས་འབད་ནིའི་དོན་ལུ་ ཆུ་འབབ་གནས་སྟངས་དབྱེ་དཔྱད་འབདཝ་ཨིན་ཟེར་ ཨིན་པས།
ལྷན་ཚོགས་ཀྱིས་ མོ་བཏབ་དོན་ལུ་ ཝང་ཆུ་དང་ སྤུ་ན་གཙང་ཆུ་ སྤ་ཆུ་ དེ་ལས་ ཕོ་ཆུ་ལུ་ ཆུ་འབབ་གནས་སྟངས་དབྱེ་ཞིབ་འབད་ནིའི་དོན་ལུ་ ཅ་ཆས་དང་ གློག་རིག་མཉེན་ཆས་ཚུ་ འབག་འོང་ཡོདཔ་མ་ཚད་ ལས་འགུལ་དེའི་འོག་ལུ་ ལམ་སྟོན་ཅིག་ཡང་ ཟིན་བྲིས་བཏབ་ཡོདཔ་ཨིན་པས།
ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ལམ་སྟོན་དེ་ནང་ བསྡུ་ལེན་འབད་ཡོད་པའི་ གནས་སྡུད་ཀྱི་གནད་དོན་དང་ བཟོ་བཀོད་དེ་ལས་ ས་ཁོངས་དབྱེ་དཔྱད་འབད་བའི་ གནས་སྡུད་ཚུ་ཡོདཔ་ད་ ལམ་སྟོན་དེ་ ད་ལྟོ་ ལག་ལེན་མ་འཐབ་ཟེར་ཨིན་པས།
ལམ་སྟོན་དེ་ ལྷན་ཚོགས་ཀྱིས་ ཆ་འཇོག་འབད་ནིའི་དོན་ལུ་ ཕུལ་ནི་ཨིན་ཟེར་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་ཨིན་པས།
ལས་འགུལ་གོ་རིམ་༢ པའི་དོན་ལུ་ སྤྱི་ཟླ་༤ པའི་ནང་ ལྷན་ཚོགས་ཀྱི་ གློག་མེ་ལས་འགུལ་གོང་འཕེལ་གྱི་ འཐུས་མི་ཚུ་དང་བསྡོམས་ཏེ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནུག
ལས་བྱེད་ཚོགས་ཆུང་གི་ འཐུས་མི་༢༠ ལུ་ ས་ཁོངས་ནང་ ཅ་ཆས་ཚུ་ ལག་ལེན་འཐབ་ཐངས་དང་ གནས་སྡུད་བསྡུ་ཐངས་ཀྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ ཅ་ཆས་གསརཔ་ཚུ་ ལག་ལེན་འཐབ་ཚུགས་མི་ གངམ་མེདཔ་ལས་ སྦྱོང་བརྡར་བྱིན་དོ་ཟེར་ཨིན་པས།
ཨཱསི་ཊི་རི་ཡན་གོང་འཕེལ་ངོ་ཚབ་ཀྱིས་ ལས་འགུལ་གྱི་ གོ་རིམ་༢ པའི་དོན་ལུ་ ཡུ་རོ་༣༠༠༠༠༠ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་མཐའ་འཁོར་ཉམས་སྲུང་གི་ བཅའ་ཁྲིམས་༢༠༠༧ ཅན་མའི་ནང་ ཁྱད་ཚད་ལྡན་པའི་ཆུའི་རྒྱུན་ཚད་ བཞག་ཐོག་ལས་ ཆུ་ཁམས་དྭངས་བའི་སྐྱེ་ལྡན་རིགས་སྣ་དང་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ཚུ་ ངེས་བརྟན་བཟོ་དགོཔ་སྦེ་ བཀོད་ཡོདཔ་ཨིན་པས།
ལས་འགུལ་དེ་ སྤྱི་ལོ་༢༠༡༤ གི་ཟླཝ་༡༠ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ཚེས་༣༡ ལུ་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *