དབང་འདུས་དགའ་ཚལ་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་བཙར་ཏེ་ སྒུག་སྡོད་མི་ཚུ།

ཆུ་ཁ་རྫོང་ཁག་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ།

༉ ཁ་ཙ་ ཕུན་ཚོགས་གླིང་ལུ་ སྤྱི་ཚོགས་༣ པའི་ འགོ་ཐོག་བཙག་འཐུ་འབད་བའི་སྐབས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་ཚུ་གིས་ སྲིད་དོན་ཚོགས་པ་༤ ལས་༢ བཙག་འཐུ་འབད་ཡི།

དེ་ཡང་ རྒྱལ་ཁབ་ནང་ འདེམས་ཁོངས་༤༧ ཡོད་མི་ལས་ སྲིད་ཚོགས་༢ བཙག་འཐུ་འབད་ནིའི་དོན་ལུ་ སྤྱི་ཟླ་༩ པའི་ཚེས་༧ ལས་༩ ཚུན་ ལྷན་ཐབས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་ དེ་ལས་ ཁ་ཙ་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ ཚོགས་རྒྱན་ས་ཁོངས་༨༦༥ ནང་ ཚོགས་རྒྱན་བཙུགས་ཡོདཔ་ཨིན།

ཆུ་ཁ་ བོང་མགོ་-སྐྱབས་ཆ་དང་ ཕུན་ཚོགས་གླིང་འདེམས་ཁོངས་ནང་ མི་སེར་ཚུ་གིས་ ལྷན་ཐབས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་པའི་ཁར་ ཁ་ཙ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ རྐང་བཙུགས་འབད་ར་ ཚོགས་རྒྱན་བཙུགས་པར་འོང་ཡི།

བོང་མགོ་-སྐྱབས་ཆ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་༡༤,༣༢༠ ཡོད་མི་ལས་ ཨམ་སྲུ་༧,༢༨༤ དང་ ཕོ་སྐྱེས་༧,༠༣༦ ཡོདཔ་ད་ དེའི་གྲས་ལས་ འཕྲུལ་ཆས་ཚོགས་རྒྱན་༦,༦༧༧ དང་ འགྲེམ་ཐོག་ཚོགས་རྒྱན་༢,༩༧༠ འབདཝ་ད་ ཚོགས་རྒྱན་བསྡོམས་༩,༦༤༧ བཙུགས་ཡོདཔ་ཨིན་པས།

ཚོགས་རྒྱན་ཡོངས་བསྡོམས་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༨༢༢ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ཚོགས་རྒྱན་༣,༡༣༩ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡,༢༧༣ དེ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༤,༤༡༣ ཐོབ་ཡོདཔ་ད་ དེ་ཡང་ འགྲེམ་ཐོག་དང་ འཕྲུལ་ཆས་ཚོགས་རྒྱན་༢ བསྡོམས་ཏེ་ཨིན།

ཕུན་ཚོགས་གླིང་འདེམས་ཁོངས་ནང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༨༠༡ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ཚོགས་རྒྱན་༢,༦༨༥ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༩༨༣ དེ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༢,༣༦༤ ཐོབ་ཡོདཔ་ཨིན་པས།

འདེམས་ཁོངས་དེ་ནང་ ཐོ་བཀོད་ཡོད་པའི་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡༠,༧༣༧ ཡོད་པའི་གྲས་ལས་ ཨམ་སྲུ་༥,༣༣༦ དང་ ཕོ་སྐྱེས་༥,༤༠༡ ཡོདཔ་ད་ འགྲེམ་ཐོག་ཐོ་བཀོད་འབད་མི་༡,༥༢༡ ཡོད་པའི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་༢༤༨ དང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༩༠༣ བཙུགས་ཡོདཔ་ཨིན་པས།

འདེམས་ཁོངས་༢ ནང་ ཚོགས་པའི་ངོ་ཚབ་ཚུ་འཛོམས་ཐོག་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་ཡོདཔ་ད་ ཕུན་ཚོགས་གླིང་ལུ་ འགྲེམ་ཐོག་ཚོགས་རྒྱན་༡༤ ཚུལ་མཐུན་མེདཔ་ལས་ ཆ་མེད་བཏང་ཡོདཔ་ད་ བོང་མགོ་-སྐྱབས་ཆ་འདེམས་ཁོངས་ནང་ ཚོགས་རྒྱན་༧ ཆ་མེད་བཏང་ཡོདཔ་ཨིན་པས།

ཚོགས་རྒྱན་གྱི་ གྲུབ་འབྲས་དེ་ ད་རིས་ གཞུང་འབྲེལ་ཐོག་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་ནི་ཨིན་པའི་གནས་ཚུལ།

ཕུན་ཚོགས་གླིང་ལས་ ཉིམ་རྡོ་རྗེ།

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *