གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་གིས་ རྟ་ཕྱག་ཁྱུང་༣ གྱི་ དབང་གནང་པའི་བསྒང་།

གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་གིས་ རྟ་ཕྱག་ཁྱུང་༣ གྱི་ དབང་གནང་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ མོང་སྒར་རྒྱལ་པོའི་ཞིང་བརྡ་དོན་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་སྦེ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་གིས་ དད་ཅན་སྐྱ་སེར་སྟོང་ཕྲག་༡༠ ལྷགཔ་ཅིག་ལུ་ རྟ་ཕྱག་ཁྱུང་༣ གྱི་དབང་གནང་ཡི།
མོང་སྒར་དང་ ཉེ་འདབས་ཀྱི་རྫོང་ཁག་ ལྷུན་རྩེ་དང་ བཀྲིས་སྒང་ལས་ མི་སེར་བརྒྱ་ལས་བཅད་མི་ཚུ་གིས་ དྲོ་པ་ཧ་སག་ལས་ར་ མཐོ་རིམ་སློབ་གྲྭའི་ཐང་ནང་ དབང་ཞུ་བར་ ལྷོད་ཡོདཔ་ཨིན་པས།
རིན་པོ་ཆེ་གིས་ དབང་མ་གནང་པའི་ཧེ་མར་ མི་སེར་ཚུ་ལུ་ སངས་རྒྱས་འོད་དཔག་མེད་ཀྱི་གཟུངས་སྔགས་དང་ ཚིག་བདུན་གསོལ་འདེབས་ཀྱི སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ སངས་རྒྱས་ཚེ་དཔག་མེད་ཀྱི་གཟུངས་སྔགས་ སྒྲོལ་མའི་གཟུངས་སྔགས་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ གཟུངས་སྔགས་ཚུ་གི་ ལུང་གནང་ཡི།
ལས་རིམ་དེ་ རྒྱལ་པོའི་ཞིང་བརྡ་དོན་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་དང་ མོང་སྒར་རྫོང་ཁག་བདག་སྐྱོང་ དེ་ལས་ དད་ཅན་སྦྱིན་བདག་ཚུ་གིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *