བགོ་བཀྲམ་འབད་མི་ ཞོལ་ལེ་དང་ འབྱིམོ་ཚུ།

གཡག་གི་སྤུས་ཚད་ གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ལམ་ཚུ་བཏོན་དོ་ཡོདཔ།

༉ ལ་མཐོ་སའི་ ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ སྒོ་ནོར་ལས་ཁུངས་འོག་གི་ ཞིབ་འཚོལ་དང་རྒྱ་སྐྱེད་ལས་སྡེ་ཚན་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ གཡག་གི་སྤུས་ཚད་ གོང་འཕེལ་གཏང་ནིའི་དོན་ལུ་ ལ་ཡ་རྒེད་འོག་ནང་ ཞོལ་ལེ་༢ དང་ འབྱིམོ་༡ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཞོལ་ལེ་དང་ འབྱིམོ་དེ་ཡང་ བུམ་ཐང་སྟང་རྒེད་འོག་ འཕོང་ཕད་ལུ་ཡོད་པའི་ གཡག་གསོ་སྐྱོང་ལྟེ་བ་ལས་ ལ་ཡ་རྒེད་འོག་གི་དམངས་མི་དང་ མགར་ས་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ལས་རོགསཔ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ལས་རིམ་དེ་ སྤྱི་ལོ་༢༠༡༦ ལུ་ ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ གཞི་བཙུགས་འབད་ཞིནམ་ལས་ ད་རེས་ འགོ་དང་པ་ བགོ་བཀྲམ་འབདཝ་ཨིན་པས།
ཞོལ་ལེ་དང་ འབྱིམོ་དེ་ རྫོང་ཁག་བདག་སྐྱོང་དང་ རྒེད་འོག་མཉམ་འབྲེལ་ཐོག་ལས་ མི་སེར་དགོས་མཁོ་ཡོད་མི་ཚུ་ལུ་ བགོ་བཀྲམ་འབད་ནི་ཨིན་པས།
ཞིབ་འཚོལ་ལྟེ་བའི་ སྒོ་ནོར་འགོ་དཔོན་གོངམ་ ཀུན་དགའ་རྡོ་རྗེ་གིས་ སླབ་མིའི་ནང་ ལས་རིམ་དེ་ཡང་ ལ་ནོར་ཉམས་སྲུང་འབད་ནི་དང་ གཡག་གི་རིགས་བརྒྱུད་གོང་འཕེལ་གཏང་ནི་ དེ་ལས་ གཡག་འཚོ་སྐྱོང་འཐབ་ནིའི་ ལམ་སྲོལ་ཉམས་སྲུང་འབད་ནིའི་ དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་རིམ་དེ་ལུ་བརྟེན་ ལ་མཐོ་སའི་ མི་ཚུ་གི་འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ ནོར་གྱི་ཐོན་ཤུགས་ཡར་སེང་འབད་དེ་ མི་ཚུ་རང་མགོ་རང་འདྲོངས་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ལ་མཐོ་སའི་ས་གནས་ནང་ དཔལ་འབྱོར་གོང་འཕེལ་དང་ སྐྱིད་གནས་ཅན་སྦེ་ བཟོ་ནིའི་དོན་ལུ་ཡང་ཨིན་པས།
ཞིབ་འཚོལ་ལྟེ་བའི་ཁ་ཐུག་ལས་ ད་རུང་ ཆོས་འཁོར་སྟོད་རྒེད་འོག་གི་དོན་ལུ་ ཞོལ་ལེ་དང་ འབྱིམོ་བགོ་བཀྲམ་འབད་ནི་ཨིན་པའི་ཁར་ མ་འོངས་པའི་འཆར་ལོ་ནང་ ལ་མཐོ་སའི་རྫོང་ཁག་༡༠ གྱི་དོན་ལུ་ ཞོལ་ལེ་༦༠ བགོ་བཀྲམ་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལྟེ་བ་གིས་ ལ་མཐོ་སའི་དོན་ལུ་ ལས་རིམ་ཚུ་ ཞིབ་འཚོལ་འབད་ནི་དང་ གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་རིག་གི་ལས་སྡེ་ཅིག་སྦེ་ ལཱ་འབད་དོ་ཡོད་པའི་ཁར་ ལ་མཐོ་སའི་མི་ཚུ་གི་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
ལྟེ་བ་གིས་ ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་མིའི་ནང་ རྒྱལ་ཁབ་ནང་ གཡག་འཚོ་སྐྱོང་འཐབ་ནིའི་ ལམ་སྲོལ་དེ་ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ མི་ཚུ་གིས་ གཡག་གི་ལཱ་འབད་ནི་དེ་ ཁེ་ཕན་ཆེ་བའི་ཚོང་ལཱ་ཅིག་མེན་པའི་ མངོན་གསལ་བྱུང་ནི་དེ་གིས་ཨིན་པས།
དེ་ལུ་བརྟེན་ ལ་མཐོ་སའི་ མི་མང་ཤོས་ཀྱིས་ གཡག་འཚོ་སྐྱོང་འཐབ་ནིའི་ ལཱ་འབད་ནི་དེ་ བཤོལ་བཞག་ཡོདཔ་སྦེ་ཨིན་པས།
གཡག་གི་ལཱ་འབད་ནིའི་ སྔར་སྲོལ་ལམ་ལུགས་དང་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ཚུ་ གལ་ཅན་ཅིག་སྦེ་ བརྩི་འཇོག་འབད་དེ་ སྤྱི་ལོ་༢༠༡༣ ལུ་ འབྲུག་བློ་གཏད་མ་དངུལ་གྱིས་ རང་བཞིན་གནས་སྟངས་ཉམས་སྲུང་གི་ མ་དངུལ་རྒྱབ་སྐྱོར་འབད་དེ་ གཡག་འཚོ་སྐྱོང་འཐབ་ནིའི་ ཉམས་སྲུང་དང་ གཡག་གི་ལཱ་འབད་ནི་དེ་ མི་ཚེ་འཚོ་སྐྱོང་གི་ ལཱ་ཨིནམ་སྦེ་ འབད་བཅུག་ནིའི་དོན་ལུ་ ལས་འགུལ་འགོ་བཙུགས་ཡོདཔ་ཨིན་པས།
ཞིབ་འཚོལ་ལྟེ་བའི་ཁ་ཐུག་ལས་ གཡག་གི་སྤུས་ཚད་ གོང་འཕེལ་གཏང་ནིའི་དོན་ལུ་ མོང་གོ་ལི་ཡ་ལས་ གཡག་གི་ཕ་སོན་ཚུ་ དེང་སང་ འཕྲུལ་རིག་ཐོག་ལས་ ལག་ལེན་འཐབ་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *