གཞུང་མིན་ལས་སྡེ་ཚུ་གིས་ གྲོས་བསྡུར་ཞལ་འཛོམས་འཚོགས་པའི་བསྒང་།

གཞུང་མིན་ལས་སྡེ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་ གོ་བསྡུར་ཞལ་འཛོམས།

༉ ཁ་ཙ་ ཡུ་ཨེན་འཛམ་གླིང་སྤྱི་ཚོགས་ཀྱི་ གྲོས་འཛོམས་ཁང་ནང་སྦེ་ གཞུང་མིན་ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ བསླབ་སྟོན་གྲོས་ཚོགས་སྐབས་ རྒྱལ་ཁབ་ཀྱི་ གཞུང་མིན་ལས་སྡེའི་ནང་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གདོང་ལེན་སྦོམ་ཤོས་ར་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ མེད་མི་དེ་ཨིན་ཟེར་ ཨིན་པས།
ཡུ་ཨེན་ལམ་ལུགས་ཀྱི་ རྒྱབ་སྐྱོར་ཐོག་ལས་ ཉིན་གྲངས་༢ ཀྱི་རིང་ གཞུང་མིན་ལས་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་འཆར་གཞི་དང་ ལས་རིམ་ཚུ་གི་གནད་དོན་ཐོག་ལུ་ གོ་བསྡུར་འབད་མི་དེ་ མཇུག་བསྡུཝ་དང་འབྲེལ་ བསླབ་སྟོན་གྲོས་ཚོགས་ནང་ བཅའ་མར་གཏོགས་ནུག།
བཅའ་མར་གཏོགས་མི་དང་ བསླབ་སྟོན་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ གཞུང་མིན་ ལས་སྡེ་གཞི་བཙུགས་འབད་དེ་ ལོ་གངམ་མ་འགྱོཝ་ལས་ མ་དངུལ་གྱི་དཀའ་ངལ་རྒྱ་ཆེཝ་སྦེ་ར་ ཐོན་ཏེ་ཡོད་ཟེར་ཨིན་པས།
གཞུང་མིན་ལས་སྡེ་དབང་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ལས་སྡེའི་འགོ་དཔོན་ཚུ་གིས་ གཞུང་དང་གཅིག་ཁར་ ཡུན་བརྟན་མཐུན་ལམ་བཞག་ནིའི་དོན་ལུ་ འཆར་གཞི་ཚུ་ རྩམ་པའི་བསྒང་ཡོད་ཟེར་ཨིནམ་ད་ ད་རེས་ གནད་དོན་དེ་ མིན་འདུག་ཟེར་ཨིན་པས།
མདོ་ཆེན་གྱིས་ མ་གཞི་ གཞུང་མིན་ལས་སྡེ་ཚུ་ནང་ མ་དངུལ་མེདཔ་མིན་པར་ དཔེ་འབད་བ་ཅིན་ ཁ་རྗེའི་རྒྱན་ཤོག་དང་ ཆང་ཁྲལ་བསྡུ་ལེན་འབད་མི་ཚུ་ གཞུང་མིན་ལས་སྡེའི་མ་དངུལ་ཨིན་རུང་ ད་ལྟོ་ཚུན་ གོ་རིམ་བསྒྲིག་སྟེ་ ལཱ་འབད་མ་ཚུགས་པས་ཟེར་ ཤདཔ་ཨིན་པས།
བསོད་ནམས་རྡོ་རྗེ་དང་འཁྲིལཝ་ད་ གཞུང་མིན་ལས་སྡེ་ཚུ་གིས་ མཁོ་སྒྲུབ་འབད་ནིའི་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ མཁོ་སྒྲུབ་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ནང་ འཁོད་ཡོདཔ་བཞིན་དུ་ གཞུང་མིན་ལས་སྡེ་གིས་ ཚོང་འབྲེལ་འཐབ་ཆོགཔ་སྦེ་མེདཔ་ལས་ ཁེ་སང་མེད་པའི་ ལས་སྡེ་ཨིན་ཟེར་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་ལས་ བཀོད་ཁྱབ་མདོ་ཆེན་ རྡོ་རྗེ་དབང་མོ་གིས་ གྲོས་བསྟུན་འབད་མིའི་ནང་ གཞུང་མིན་ལས་སྡེ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་བར་ ལས་སྡེ་ཚུ་ནང་འགྱོ་བའི་སྐབས་ ལས་འཆར་དང་ ལས་རིམ་ཚུ་ འོས་འབབ་དང་འཁྲིལ་ ལས་འགུལ་བཟོ་དགོཔ་མ་ཚད་ ལས་འགུལ་གྱི་དོན་ལུ་ ཁྱིམ་ལཱ་ལེ་ཤ་འབད་དགོཔ་གལ་ཆེ་ཟེར་ ཨིན་པས།
མ་དངུལ་གྱི་ རྒྱབ་སྐྱོར་བྱིན་མི་དང་ ལེན་མི་༢ ཆ་ར་ལུ་ ཁེ་ཕན་ཡོདཔ་སྦེ་ གྲོས་འཆར་ལས་འགུལ་བཟོ་དགོཔ་ གལ་ཆེ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *