གནས་ཚུལ་མདོར་བསྡུས།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་རྟ་མགོ་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ཚོགས་ཁང་ནང་ དགོངས་འདུས་བསྐང་བཤགས་སྐུ་རིམ་གྱི་ ཉིན་མཇུག་ལུ་ ཐུགས་སྨོན་དང་བཅས་ དཀར་མེ་སྟོང་མཆོད་ཕུལ་གནང་ཡོདཔ་ད་ སྐུ་རིམ་དེ་ཡང་ འཛམ་གླིང་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་ གནང་ཡོདཔ་ཨིན་པས།
དགོངས་འདུས་བསྐང་བཤགས་དེ་ རྗེ་མཁན་ཁྲི་རབས་༦༨ པ་ སྐྱབས་རྗེ་ཁྲི་ཟུར་བསྟན་འཛིན་དོན་གྲུབ་ཞིང་ལུ་ཕེབས་ཏེ་ ཞག་གྲངས་༤༩ འི་ སྐུ་མཆོད་བཟུངམ་དང་འབྲེལ་ གྲོལ་གནང་ཡོདཔ་ད་ སྐུ་རིམ་དང་ རྗེ་ཁྲི་ཟུར་གྱི་ དགོངས་རྫོགས་ཆོ་ག་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ གནང་ཡོདཔ་བཞིན་དུ་ བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ སྨོན་འདེབས་དང་ དཀར་མེ་ཕུལ་ཡོད་པའི་གནས་ཚུལ།

About admin

Check Also

སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་འཐུང་ཆུ་ གློག་མེ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། ད་རེས་ དུར་ཁྲོད་དེ་ནང་ …

Leave a Reply

Your email address will not be published. Required fields are marked *