གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༢ པའི་ཚེས་༡༡ ལུ་ བློན་ཆེན་དང་ དྲོ་པར་ཕྱད་ནིའི་ ལས་རིམ་ཐེངས་༤༡ པའི་ནང་ སོ་ནམ་ལྷན་ཁག་ རང་བཞིན་ཐོན་སྐྱེད་སྡེ་ཕྲན་གྱིས་ གྲུབ་འབྲས་ལེགས་ཐོན་དང་ ཚུལ་མཐུན་གྱི་ མདུན་ལམ་ལུ་ ཞུགས་ཡོདཔ་སྦེ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་ལུ་ སྙན་ཞུ་ཕུལ་ཡོདཔ་ད་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་ ལོ་ཐོག་འཛུགས་སྐྱོང་འབད་བའི་བསྒང་ཡོདཔ་མ་ཚད་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་དང་ མཉམ་འབྲེལ་ཐོག་ལས་ ངོ་སྦྱོར་འབད་ནིའི་ བྱ་རིམ་ཚུ་ཡང་ འགོ་བཙུགས་ཏེ་ཡོདཔ་ཨིན་པས། འཆར་དངུལ་ཐེར་འབུམ་༡ འབད་མི་ རང་བཞིན་ཐོན་སྐྱེད་ལས་རིམ་གྱི་ དམིགས་དོན་དེ་ཡང་ རང་བཞིན་ཐོན་སྐྱེད་༡༢ ཀྱི་ གནས་གོང་མཐོ་སུ་དང་ ཐོན་སྐྱེད་ཉུང་སུ་ཡོདཔ་ བཟོ་ཐབས་ལུ་ཨིན་པའི་གནས་ཚུལ།

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *