གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ན་གཞོན་གོང་འཕེལ་ལྟེ་བའི་ སྤྱི་དོན་ཁང་ནང་ ཞི་གཡོགཔ་ཚུ་ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ དངུལ་རྩིས་བློན་པོ་གིས་ ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ་ད་ གལ་སྲིད་ སྤྱི་ཚོགས་ཀྱིས་ ཅ་ཆས་དང་ཞབས་ཏོག་ཁྲལ་དེ་ ཆ་འཇོག་གྲུབ་པ་ཅིན་ རྒྱལ་ཁབ་ནང་ ནང་འདྲེན་འབད་མི་ ཅ་དངོས་དང་ ཞབས་ཏོག་ཚུ་ལུ་ ཁྲལ་བརྒྱ་ཆ་༧ རེ་བཀལ་ནི་ཨིནམ་བཞིན་དུ་ ཁྲལ་དེ་ལུ་བརྟེན་ ཅ་ཆས་དང་ ཞབས་ཏོག་ཚུ་གི་ གོང་ཚད་ཡར་སེང་འགྱོ་ནི་ཨིནམ་ལས་ ཉོ་སྤྱོད་འབད་མི་ ཞི་གཡོགཔ་ཚུ་ལས་འགོ་བཟུང་ འབྲུག་མི་ཆ་མཉམ་ལུ་ འབྱེམ་ཕོག་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *