གནས་ཚུལ་མདོར་བསྡུས།

ལོ་ལྔའི་འཆར་གཞི་༡༢ པའི་དོན་ལུ་ འབྲུག་དང་ རྒྱ་གར་གྱི་ གོང་འཕེལ་མཉམ་འབྲེལ་ཞལ་འཛོམས་ཐེངས་༢ པ་དེ་ སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ ནིའུ་ལྡི་ལི་ལུ་ གནང་པའི་སྐབས་ གཞུང་གཉིས་ཀྱིས་ ད་ལྟོ་འབད་བའི་བསྒང་ཡོད་མི་ མཉམ་འབྲེལ་གྲོགས་རམ་ལས་འགུལ་༥༡ གི་གནས་སྟངས་ བསྐྱར་ཞིབ་འབད་ཡོདཔ་མ་ཚད་ ལས་འགུལ་གསར་པའི་གྲོས་འཆར་༢༡ བཙུགས་མི་དེ་ ཆ་འཇོག་གྲུབ་གནང་པའི་ཁར་ འཆར་གཞི་༡༢ པའི་ནང་ མ་ཚུད་མི་ ཁྱད་རིག་དང་ སྤུས་ཚད་མཐོ་ཤོས་ཡོད་པའི་ སྨན་ཁང་རྐྱབ་ནི་དང་ ལས་དོན་གཞན་ཚུ་ནང་ མཉམ་འབྲེལ་འབད་ནི་ཨིན་པའི་སྐོར་ གསུང་གྲོས་གནང་ནུག།
གོང་འཕེལ་མཉམ་འབྲེལ་ཞལ་འཛོམས་ནང་ ཕྱི་འབྲེལ་དྲུང་ཆེན་ ཀུན་དགའ་སེངྒེ་གིས་ འབྲུག་གཞུང་གི་ འཐུས་མི་སྡེ་ཚན་ འགོ་ཁྲིད་ཐོག་ལས་དང་ རྒྱ་གར་གཞུང་གི་ཧོངས་ལས་ ཕྱི་འབྲེལ་ལྷན་ཁག་ དཔལ་འབྱོར་མཐུན་འབྲེལ་དྲུང་ཆེན་ ཊི་ཨེསི་ ཏི་རུ་མུར་ཏི་གིས་ འགོ་ཁྲིད་ཐོག་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

About admin

Check Also

ནད་ཡམས་ཀོ་བིཌ་-༡༩ གིས་ ཐོ་ཕོག་ཡོདཔ་ཨིན་ན?

༉ ད་རེས་ནངས་པར་ ཐིམ་ཕུག་ཁྲོམ་སྡེ་ནང་ སྣུམ་འཁོར་གསར་རྐྱང་བདའ་མི་དང་ སྣུམ་འཁོར་བཙོང་ཁང་ཚུ་ནང་ སྣུམ་འཁོར་མཁོ་མངགས་འབད་མི་ ལེ་ཤ་མཐོང་གསལ་བྱུང་མི་ལུ་བལྟ་བ་ཅིན་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼ཀོ་བིཌ་-༡༩༽ ལས་ གནོད་སྐྱོན་མ་བྱུངམ་བཟུམ་མའི་ བརྡ་མཚོན་སྟོནམ་མས། དེ་ཡང་ ནད་ཡམས་ཀྱི་ སྤྱགས་སྡུག་འཐབ་པའི་ དུས་ཚོད་ནང་ …

Leave a Reply

Your email address will not be published. Required fields are marked *