གནས་ཚུལ་མདོར་བསྡུས།

དགེ་ལེགས་ཕུག་ལུ་ཡོད་མི་ འབྲུག་དང་རྒྱ་གར་མཐུན་འབྲེས་ཚོགས་པའི་ འཐུས་མི་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ཨ་སམ་གྱི་ ས་མཚམས་ཁྲོམ་སྡེ་ དཱད་ག་རི་ལུ་ མེ་རྐྱེན་བྱུང་མིའི་ནང་ ཉམས་རྒུདཔ་ཚུ་ལུ་ སེམས་གསོ་དངུལ་ཀྲམ་༡༢༤,༢༠༠ སྤྲོད་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡ གི་དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ མེ་རྐྱེན་བྱུངམ་ད་ འབྲུག་གི་ས་མཚམས་སྒོ་ར་ལས་ མི་ཊར་དག་པ་ཅིག་གི་ས་ཁར་ རྒྱ་གར་གྱི་ ཚོང་ཁང་༡༢ ཐལ་བར་བརླགས་བཏང་ཡོདཔ་ད་ དེ་བསྒང་ འབྲུག་གི་ཧོངས་ལས་ མེ་བསད་སྣུམ་འཁོར་ཚུ་ བཏང་ཐོག་ལས་ ཆ་རོགས་འབད་མི་དེ་ལུ་ ས་གནས་ཀྱི་ མི་ཚུ་གིས་ འབྲུག་གཞུང་དང་ ཁྲིམས་སྲུང་འགག་པ་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་ནང་ སྡོད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ བཤདཔ་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ མི་དབང་མངའ་བདག་རིན་པོ་ཆེའི་ ཞབས་ལས་ཡང་ ཉམས་རྒུདཔ་༡༢ ལུ་ སེམས་གསོ་གནང་ཡོད་པའི་གནས་ཚུལ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *