གནས་ཚུལ་མདོར་བསྡུས།

འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བཱོཇ་དང་ རྒྱལ་འཛིན་ཞིབ་འཚོལ་དང་ བློ་གྲོས་ཚོགས་སྡེའི་ཁྲི་འཛིན་ ཁྲིམས་སྤྱི་བློན་པོ་བགྲེསཔ་ བསོད་ནམས་སྟོབས་རྒྱས་༢ ཀྱིས་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཐིམ་ཕུག་ནི་རུ་དབང་ཕྱུག་ལམ་སྲོལ་ལྟེ་བའི་ནང་ འབྲུག་འགྲེམ་ལས་འཛིན་གྱིས་ པར་སྐྲུན་འབད་མི་ མ་ཧཱཊ་བ་གཱན་དྷིའི་ རྗེས་དྲན་འགྲེམ་རྟགས་ཚུ་ གསར་བཏོན་འབད་ནུག།
ནི་རུ་དབང་ཕྱུག་ལམ་སྲོལ་ལྟེ་བ་ལས་ གནས་ཚུལ་གསར་བཏོན་ཅིག་ འབད་མིའི་ནང་ འགྲེམ་རྟགས་གསར་བཏོན་འབད་མི་དེ་ཡང་ རྒྱ་གར་རྒྱལ་ཁབ་འདི་ དེང་སང་རྒྱལ་ཁབ་སྦེ་ གཞི་བཙུགས་འབད་མི་ མ་ཧཱཊ་མ་གཱན་དྷིའི་འཁྲུངས་སྟོན་༡༥༠ པ་དད་བསྟུན་ རྒྱ་གར་གཞུང་གིས་ ལོ་གཅིག་གི་རིང་ དུས་སྟོན་བརྩི་སྲུང་འབད་མིའི་ ལས་སྣ་ཅིག་ཨིན་ཟེར་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *