གནས་ཚུལ་མདོར་བསྡུས།

ཁ་ཙ་ཉིན་མའི་ཆུ་ཚོད་༤ དེ་ཅིག་ཁར་ མགར་ས་ལུ་ མེ་རྐྱེན་བྱུང་སྟེ་ འབྲུག་བརྒྱུད་འཕྲིན་ཚད་འཛིན་ཡིག་ཚང་དང་ ལས་བྱེད་པའི་ཁང་ཚན་ཚུ་ ཐལ་བར་བརླགས་བཏང་ཡོདཔ་ད་ མ་གཞི་ རྫོང་ཁག་ལས་བྱེདཔ་དང་ ཁྲིམས་སྲུང་འགག་པ་ ས་གནས་ཀྱི་ མི་ཚུ་གིས་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ མེ་བསད་ཚུགས་རུང་ ཁྱིམ་ཐོག་ཚད་༡ འབད་མི་ ཁང་ཚན་ཚུ་དང་ ཡིག་ཚང་སྦེ་ ལག་ལེན་འཐབ་མི་ ཁང་ཚན་དེ་ འཚིགས་སོཔ་ལས་ ཅ་ཆས་ག་ནི་ཡང་ ཐོབ་མ་ཚུགས་པས། ཁང་ཚན་ཚུ་ནང་སྡོད་མི་ ཡིག་ཚང་དེ་གི་ ལས་བྱེདཔ་༣ བརྩིས་ཏེ་ བཟའ་ཚང་ནང་མི་༡༢ ཡོདཔ་ད་ ལས་བྱེདཔ་ལ་ལོ་ཅིག་ ཁོང་རའི་ཉེ་ཚན་ཚུ་དང་གཅིག་ཁར་ སྡོདཔ་མ་ཚད་ གཞན་ཚུ་ རྫོང་ཁག་མགྲོན་ཁྱིམ་ནང་ བཞག་ཡོད་པའི་གནས་ཚུལ།

About admin

Check Also

བི་ཨི་ཨོ་ལསསྡེའི་ ཇོ་བདག་༢ འཛིན་བཟུང་།

༉ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ ལས་རིམ་ཐོག་ལས་ འབྲུག་པའི་ན་གཞོན་ཚུ་ ཇ་པཱན་ལུ་ བཏང་མིའི་ནང་ ཡིག་ཆ་རྫུས་བཟོའི་ དོགས་པ་ལུ་བརྟེན་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ བི་ཨི་ཨོ་ཟེར་མི་ ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ཇོ་བདག་ བསྟན་འཛིན་རིག་ལྡན་དང་ འགྱུར་མེད་ཚེ་དབང་དེ་ སྤྱི་ཟླ་༧ …

Leave a Reply

Your email address will not be published. Required fields are marked *