གནས་ཚུལ་མདོར་བསྡུས།

ཨཱསི་ཊེ་ལི་ཡའི་ཁྲོམ་སྡེ་ མཱེལ་བཱོརན་ལུ་ འབྲུག་གི་མཚེ་མ་མཉམ་འབྱར་མ་ ཉི་མ་དང་ ཟླ་བ་དེ་ ད་རིས་ གཤག་བཅོས་འབད་ཐོག་ལས་ གཟུགས་སོ་སོར་འཕྱལ་ནི་ཨིནམ་ད་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཕུན་ཚོགས་གླིང་སྨན་ཁང་ནང་ གཤག་བཅོས་ཐོག་ལས་ ཨའི་གི་མངལ་ནང་ལས་བཏོན་མི་ བུམོ་མཚེ་མ་དེ་ བྱང་ཁོག་སྨད་དང་ ཁོང་གི་ཕོཝ་ལས་ གཟུགས་མཐུད་དེ་ཡོདཔ་ཨིན་པས། ཁོང་གཉིས་ གཤག་བཅོས་འབད་ནིའི་དོན་ལུ་ ཨཱསི་ཊེ་ལི་ཡ་རྒྱལ་ཁབ་ནང་འཁོད་ལས་ ལེགས་སྨོན་ཅན་དང་ སློབ་ཕྲུག་ཚུ་གིས་བསྐྱལ་མི་ ལེགས་སྨོན་ཡི་གུ་ཚུ་གི་སྦུག་ལུ་ བུམོ་མཚེ་མ་ བཞག་ཡོད་པའི་མཐོང་སྣང་། པར་-ཌོག་ཊར་ཀརྨ་ཤེས་རབ།

About admin

Check Also

སྨྱོ་རྫས་དང་ ཏམ་ཁུའི་ཁྲིམས་ལུགས་ གཅིག་མཚུངས་ལག་ལེན་གྱི་ སྦྱོར་བརྡར།

༉ སྨྱོ་རྫས་དང་ ཏམ་ཁུའི་ཁྲིམས་ལུགས་ དེ་ལས་ བྱ་རིམ་ཚུ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཤར་ཕྱོགས་རྫོང་ཁག་གི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གི་དོན་ལུ་ ཁ་ཙ་ལས་ བཀྲིས་སྒང་ལུ་སྦེ་ ཉིན་གྲངས་༣ འབད་མི་ སྦྱོང་བརྡར་ལས་རིམ་ཅིག་ …

Leave a Reply

Your email address will not be published. Required fields are marked *