གནས་ཚུལ་མདོར་བསྡུས།

བཀང་ལུང་ལས་ བཀྲ་ཤིས་སྒང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་གནས་ བོ་དི་གྲང་ལུ་ ལམ་བསུབས་མི་དེ་ ཌཱན་ཊཱག་ལས་འགུལ་གྱིས་ ལམ་སེལ་བའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ བདུན་ཕྲག་༡ དེ་ཅིག་གི་རིང་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༩ འི་དྲོ་པར་ ལམ་སྦོམ་སྦེ་ར་ བསུབས་ཡོད་མི་དེ་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༥ ལུ སེལ་ཚུགས་ཏེ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་བཅུག་ཡོདཔ་ཨིན་པས། དེ་འབདཝ་ད་ དེ་ཚེ་ ནུབ་མོའི་ཆུ་ཚོད་༩.༣༠ དེ་ཅིག་ཁར་ ད་རུང་ ས་རུད་ཆད་དེ་ གཞུང་ལམ་མི་ཊར་༢༠ དེ་ཅིག་ འཕྱགས་བདའ་མི་ལུ་བརྟེན་ ཁ་ཙ་དྲོ་པ་ཆུ་ཚོད་༦.༣༠ ལས་ ལམ་སེལ་ནིའི་དོན་ལུ་ ཌཱན་ཊཱག་ལས་འགུལ་གྱི་ ལས་མི་དང་ འཕྲུལ་ཆས་ཚུ་ བཙུགས་ཡོད་རུང་ ལམ་སེལ་ཚུགས་ཚུགས་ལུ་ ཉིན་གྲངས་༢ དེ་ཅིག་ འགོར་ནི་བཟུམ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྨྱོ་རྫས་དང་ ཏམ་ཁུའི་ཁྲིམས་ལུགས་ གཅིག་མཚུངས་ལག་ལེན་གྱི་ སྦྱོར་བརྡར།

༉ སྨྱོ་རྫས་དང་ ཏམ་ཁུའི་ཁྲིམས་ལུགས་ དེ་ལས་ བྱ་རིམ་ཚུ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཤར་ཕྱོགས་རྫོང་ཁག་གི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གི་དོན་ལུ་ ཁ་ཙ་ལས་ བཀྲིས་སྒང་ལུ་སྦེ་ ཉིན་གྲངས་༣ འབད་མི་ སྦྱོང་བརྡར་ལས་རིམ་ཅིག་ …

Leave a Reply

Your email address will not be published. Required fields are marked *