ཐིམ་ཕུག་རྫོང་ཁག་གིས་ སྤྱི་ཟླ་༩ པའ་ཚེས་༢༣ ལས་༢༧ ཚུན་ ཉིང་གྲངས་༥ གི་རིང་ རྒྱལ་སྲས་ན་ཆུང་བསླབ་སྟོན་ལས་རིམ་ཅིག་ ལྷུང་ཚོ་སློབ་གྲྭ་ཆུང་བའི་ནང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་ནང་ རྫོང་ཁག་གི་ སློབ་གྲྭ་༩ ལས་ སློབ་ཕྲུག་བུཚ་དང་བུམོ་༩༦ གིས་ བཅའ་མར་གཏོགས་ནུག། མཉམ་འབྲེལ་ཐོག་མཐར་འཁྱོལ་ཅན་ལུ་བཟོ་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ རྒྱལ་སྲས་ན་ཆུང་ལས་རིམ་ འགོ་འདྲེན་འཐབ་མི་དེ་ཡང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་ དུས་སྟོན་བརྩི་སྲུང་ཞུ་ནི་དང་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ བཟའ་བཅའ་འགྲོ་གསུམ་དང་ སྒྲིགས་ལམ་རྣམ་གཞག་ལ་སོགས་པའི་ སྔར་སྲོལ་ལམ་ལུགས་ལས་བྱུང་མི་ རིག་རྩལ་དང་ བརྩི་མཐོང་ཚུ་ ཡར་དྲག་གཏང་ནི་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ ཞི་བདེ་རྩ་བརྟན་བཟོ་ནིའི་ནང་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གིས་ ཐུགས་འགན་དེ་སྦེ་བཞེས་གནངམ་ཨིན་ནའི་སྐོར་ ཤེས་རྟོགས་ཡོདཔ་བཟོ་ནི་ དེ་ལས་ ན་གཞོན་ཚུ་ལུ་ མི་སྡེའི་རིག་རྩལ་དང་ རང་སོའི་རིག་སྟོབས་ གསལ་སྟོན་འབད་ནི་གི་ གོ་སྐབས་བྱིན་ཐབས་ལུ་ཨིན་པས། རྒྱལ་སྲས་ན་ཆུང་ལས་རིམ་དེ་ ཐིམ་ཕུག་རྫོང་ཁག་གིས་ སྤྱི་ལོ་༢༠༡༦ ལས་ འགོ་བཙུགས་ཏེ་ ལོ་བསྟར་གྱི་ ལས་རིམ་སྦེ་ བརྩི་སྲུང་འབདཝ་ཨིན་པའི་གནས་ཚུལ།

གནས་ཚུལ་བདོར་བསྡུས།

ཐིམ་ཕུག་རྫོང་ཁག་གིས་ སྤྱི་ཟླ་༩ པའ་ཚེས་༢༣ ལས་༢༧ ཚུན་ ཉིང་གྲངས་༥ གི་རིང་ རྒྱལ་སྲས་ན་ཆུང་བསླབ་སྟོན་ལས་རིམ་ཅིག་ ལྷུང་ཚོ་སློབ་གྲྭ་ཆུང་བའི་ནང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་ནང་ རྫོང་ཁག་གི་ སློབ་གྲྭ་༩ ལས་ སློབ་ཕྲུག་བུཚ་དང་བུམོ་༩༦ གིས་ བཅའ་མར་གཏོགས་ནུག།
མཉམ་འབྲེལ་ཐོག་མཐར་འཁྱོལ་ཅན་ལུ་བཟོ་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ རྒྱལ་སྲས་ན་ཆུང་ལས་རིམ་ འགོ་འདྲེན་འཐབ་མི་དེ་ཡང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་འཁྲུངས་པའི་ དུས་སྟོན་བརྩི་སྲུང་ཞུ་ནི་དང་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ བཟའ་བཅའ་འགྲོ་གསུམ་དང་ སྒྲིགས་ལམ་རྣམ་གཞག་ལ་སོགས་པའི་ སྔར་སྲོལ་ལམ་ལུགས་ལས་བྱུང་མི་ རིག་རྩལ་དང་ བརྩི་མཐོང་ཚུ་ ཡར་དྲག་གཏང་ནི་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ ཞི་བདེ་རྩ་བརྟན་བཟོ་ནིའི་ནང་ མི་དབང་རྒྱལཔོ་རིམ་བྱོན་ཚུ་གིས་ ཐུགས་འགན་དེ་སྦེ་བཞེས་གནངམ་ཨིན་ནའི་སྐོར་ ཤེས་རྟོགས་ཡོདཔ་བཟོ་ནི་ དེ་ལས་ ན་གཞོན་ཚུ་ལུ་ མི་སྡེའི་རིག་རྩལ་དང་ རང་སོའི་རིག་སྟོབས་ གསལ་སྟོན་འབད་ནི་གི་ གོ་སྐབས་བྱིན་ཐབས་ལུ་ཨིན་པས།
རྒྱལ་སྲས་ན་ཆུང་ལས་རིམ་དེ་ ཐིམ་ཕུག་རྫོང་ཁག་གིས་ སྤྱི་ལོ་༢༠༡༦ ལས་ འགོ་བཙུགས་ཏེ་ ལོ་བསྟར་གྱི་ ལས་རིམ་སྦེ་ བརྩི་སྲུང་འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *