ཐིམ་ཕུག་ བོད་སྒར་ནང་ལུ་ འཛུགས་སྐྱོང་འབད་མི་ ཚོད་བསྲེ་ཚུ།

ཁྲོམ་གྱི་ཚོད་བསྲེ་ཐོན་སྐྱེད་ཚུ་ལུ་ ཚོང་ལམ་ལེགས་ཤོམ་ཡོདཔ།

༉ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ སོ་ནམ་པ་ཚུ་ རང་སོའི་ཚོད་བསྲེ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མ་ཚུགས་པར་ གདོང་ལེན་བྱུང་སྟེ་ཡོད་རུང་ ཐིམ་ཕུག་ཁྲོམ་ཁར་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ འཐུས་མི་ཚུ་ལུ་ ཚོད་བསྲེ་བཙོང་མ་ཚུགས་པའི་ ཚ་གྱང་མེདཔ་ཨིན་པས།
སྡེ་ཚན་ལ་ལོ་ཅིག་གིས་ ཁོང་ར་སྡོད་སའི་ མཐའ་འཁོར་དང་ བདེ་སྲུང་སྦྱོང་བརྡར་ལས་རིམ་ དེ་ལས་ གྲྭ་ཚང་ཚུ་ལུ་ ཚོད་བསྲེ་བཙོང་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ནང་ རྒྱལ་ས་ལུ་ ས་ཞིང་སྟོངམ་ཨེ་ཀར་༢༦ ནང་ ལག་ལེན་འཐབ་ནིའི་ ཐབས་ཤེས་དེ་ནང་ མང་ཤོས་ར་ མགྲོན་སྐྱོང་སྡེ་ཚན་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལཱ་གཡོག་བྱང་མི་ཚུ་བརྩིས་ཏེ་ སྡེ་ཚན་༣༤ ཡོདཔ་ཨིན་པས།
སྦྱིན་པ་ཕུན་ཚོགས་དང་ ཁོ་གི་སྡེ་ཚན་གྱིས་ བོད་སྒར་ནང་ལུ་ ས་ཞིང་ཨེ་ཀར་༡ ལྷགཔ་ཅིག་ནང་ སོ་ནམ་ལཱ་འབད་མི་ནང་ལས་ འདས་པའི་བདུན་ཕྲག་ནང་ འདབ་མ་ཀོ་པི་དང་ མེ་ཏོག་ཧོན་ཚོད་ལ་སོགས་པའི་ ཚོད་བསྲེ་ཀེ་ཇི་༡༨ དེ་ཅིག་ བཙོང་ཡོདཔ་ཨིན་པས།
ཁོ་གིས་ ཚོང་འབྲེལ་གྱི་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ལོ་ཐོག་གི་རིགས་མངམ་སྦེ་ འཛུགས་སྐྱོང་འབད་ཡི་ཟེར་ བཤད་པའི་ཁར་ ས་ཞིང་ནང་ འགོ་དང་པ་ གོང་འཕེལ་གཏང་ཐོག་ལས་ ལཱ་འབད་ནི་དེ་གིས་ སྡེ་ཚན་གྱིས་ རྩྭ་ཚུ་ཚད་ལས་བརྒལ་སྐྱེ་བའི་ གདོང་ལེན་བྱུང་ཡོད་རུང་ མལ་ལུད་བླུགས་པའི་ཤུལ་ལས་ བཀག་ཚུགས་ཅི་ཟེར་ཨིན་པས།
ཨིན་རུང་ བཙོང་ནིའི་དོན་ལུ་ དཀའ་ངལ་མེདཔ་བཞིན་དུ་ འཕྲལ་འཕྲལ་ར་ ཚོད་བསྲེ་ཉོ་མི་ཚུ་ ལྡུམ་ར་ནང་ འཛུལ་འོང་།མ་མས་ཟེར་ སྦྱིན་པ་ཕུན་ཚོགས་ཀྱིས་ བཤཔ་ཨིན་པས།
ཐིམ་ཕུག་ལུ་ ལྟ་བཤལ་ལས་སྡེ་ཅིག་དང་ ཟ་ཁང་ཅིག་ཡོདཔ་ད་ ནད་ཡམས་ཀོ་བིཌི་-༡༩ ཐོན་པའི་ཤུལ་ལས་ བོད་སྒར་ནང་ལུ་ ས་ཞིང་ཌིསི་༦༥ ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ལས་མི་༨ ཡོད་མི་ལས་ ཟ་ཁང་དང་ ལྡུམ་རའི་ལཱ་༢ སྐོར་རྒྱབ་སྦེ་ འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ ཐོན་སྐྱེད་ཚུ་ ཁོ་རའི་ཟ་ཁང་ནང་ ལག་ལེན་འཐབ་ནིའི་ འཆར་གཞི་ཡོདཔ་ལས་ ཚོང་ལམ་གྱི་ དཀའ་ངལ་མི་འཐོན་འོང་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ཨེ་མ་དང་ འདབ་མ་ཀོ་པི་༢ འབུབ་དང་ནད་གཞི་གིས་ མེདཔ་བཏང་ཡོདཔ་ད་ བཀག་འཛིན་གྱི་དོན་ལུ་ ལྷན་ཁག་གིས་ ནིམ་མར་ཁུ་བཀྲམ་སྤེལ་འབད་ཡི་ཟེར་ ཁྲོམ་སོ་ནམ་ཐབས་ལམ་གྱི་ འགོ་འདྲེན་པ་གཙོ་འཛིན་ བི་བི་རའེ་གིས་ བཤད་པའི་ཁར་ ཚོང་འབྲེལ་འཐབ་ས་དེ་ ཐབས་ལམ་གྱི་ སྙིང་པོ་ངོ་མ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལཱ་འབད་མི་ཚུ་ལུ་ ཡུན་རིངམོ་སྦེ་ སྡོད་མི་དང་ ཚོང་འབྲེལ་གྱི་དོན་ལུ་ ཐོན་སྐྱེད་སོ་སོར་ བཟོ་བཏུབ་མི་ ཚོད་བསྲེའི་རིགས་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཅི་ཟེར་ཨིན་པས།
འཐུས་མི་མང་ཤོས་ཅིག་གིས་ ཨེ་མ་འཛུགས་སྐྱོང་འབད་ཡོད་མི་དེ་ཡང་ རིན་གོང་སྦོམ་ཐོབ་པའི་ཁར་ བཙོང་མ་ཚུགས་པ་ཅིན་ ཨེ་རྫས་དང་སྐམ་བཟོ་ཚུགས་ནི་དེ་གིས་ཨིན་པས།
བི་བི་རའེ་གིས་ སླབ་མིའི་ནང་ བཙོང་མ་ཚུགས་མི་ ཐོན་སྐྱེད་ཚུ་ སྐམ་བཞག་དོ་ཡོདཔ་ལས་ ཐོན་སྐྱེད་ཚུ་ སྟབས་གཅིག་གུ་ བཙོང་ནི་ལུ་ མ་སྒུག་པར་ ནམ་འཐོནམ་ཅིག་ བཙོང་ནི་ལུ་ བསྐུལ་མ་འབད་དོ་ཟེར་ཨིན་པས།
ལོ་ཐོག་ཚུ་གི་གྲས་ལས་ མང་ཤོས་ར་ ཨེ་མ་དང་ འདབ་མ་ཀོ་པི་ ལ་ཕུག་དམརཔོ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ནད་ཡམས་ལས་བརྟེན་པའི་ འཆར་གཞིའི་གྲས་ཁར་ ཐབས་ལམ་དེ་ཡང་ བཟའ་སྤྱོད་དང་སོ་ནམ་ལས་ཚོགས་ཀྱིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ལས་ སོ་ནམ་ལས་ཁུངས་ཀྱིས་ སྤུ་ན་ཁ་དང་ བུམ་ཐང་ གསར་སྤང་རྫོང་ཁག་འགོ་དཔོན་ཚུ་དང་གཅིག་ཁར་ ཁྲོམ་གྱི་སོ་ནམ་ལཱ་འབད་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
བི་བི་རའེ་གིས་ རྒྱལ་ཁབ་ནང་ ཁྲོམ་གྱི་སོ་ནམ་ལས་རིམ་གྱི་དོན་ལུ་ ས་གོ་གཏན་འཁེལ་མེདཔ་ལས་ མ་འོངས་པར་ ཁྲོམ་སྡེ་གིས་ གཞུང་དང་སྒེར་ས་སྟོངམ་ ངོས་འཛིན་འབད་དགོཔ་འདུག་ཟེར་ བཤད་པའི་ཁར་ ནད་ཡམས་དེ་ཞི་བའི་ཤུལ་ལས་ ཐབས་ལམ་ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་ག་ ཚ་གྱང་ཡོད་ཟེར་ བཤདཔ་ཨིན་པས།
ཁྲོམ་ནང་ཡང་ སེམས་ཅན་ཚུ་ བདག་འཛིན་མེད་པར་ བཏང་བཞག་པའི་ དཀའ་ངལ་ཡོད་རུང་ ཐབས་ལམ་དེ་གིས་ ན་གཞོན་ཚུ་ལུ་ སོ་ནམ་ལཱ་དེ་ འོས་འབབ་ལྡན་པའི་ ཁྱད་རིག་གི་ ལཱ་ཅིག་ཨིན་པའི་སྐོར་ དཔྱེ་སྟོན་འབད་ཚུགས་པའི་ རེ་བ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *