ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས།

གྱི་གསོབ་མི་ དོགས་ཅན་དེ་ བཀྲིས་སྒང་མཁའ་གླིང་ལས་ཨིནམ་ད་ བྱུང་རྐྱེན་དེ་ ནུབ་མོའི་ཆུ་ཚོད་༡༡.༣༠ དེ་ཅིག་ཁར་ སྤ་རོ་བོང་སྡེ་ལུ་ བྱུང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་ལས་འབད་བ་ཅིན་ དོགས་པ་ཅན་དང་ ཁོ་རའི་ཆ་རོགས་༡ གི་བར་ན་ མཛོག་བླུགས་ཏེ་ འཐབ་འཛིང་འབདཝ་ད་ ཚེ་འདས་དེ་ ཉལ་ནུག་ཟེར་ཨིན་པས།

འཐབ་འཛིང་སྐབས་ སྒྲོ་གཟུགསམ་ཅིག་ དོགས་པ་ཅན་གྱི་ ལག་པར་ཚུད་ཡོདཔ་ད་ ཐབ་ཚང་ནང་ བཞེས་སྒོ་འབད་སྡོད་མི་ ཆ་རོགས་གཞན་ཅིག་གིས་ དོགས་ཅན་ལས་ གྱི་ཅུང་འཕྱོག་སྟེ་ སྦ་བཞག་ཡོདཔ་ཨིན་རུང་ དོགས་པ་ཅན་གྱིས་ ད་རུང་ གྱི་ཅུང་ཅིག་ འཐུ་འབག་ནུག་ཟེར་ཨིན་པས།

དེ་སྦེ་ འཐབ་འཛིང་གི་ འུར་བྱེལ་ལངམ་ད་ ཉམས་རྒུདཔ་གཉིད་ཚོར་ཏེ་ གྱི་ཅུང་འཕྱོག་པའི་སྐབས་ དོགས་ཅན་གྱིས་ གྱི་གསོབ་ཡོདཔ་ཨིན་པས།

ལོ་རྒྱུས་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་ཚུ་ ཆང་གིས་ར་བཟི་ནུག་ཟེར་ཨིནམ་ད་ ད་ལྟོ་ ཁྲིམས་སྲུང་འགག་པ་༢ དོ་དམ་འོག་ལུ་ བཞག་སྟེ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་༤ པོ་དེ་ ཆུ་ཁ་བཀྲིས་དགའ་ཚལ་ལུ་ཡོད་མི་ དམིགས་བསལ་སྲུང་བཞག་ཁྲིམས་སྲུང་འགག་སྡེ་གིས་ སྤ་རོ་ལུ་ གནས་སྐབས་ཅིག་ ཟུར་བཞག་ཁང་གི་ སྒྲིག་གཡོག་རྒྱུག་མི་སྦེ་ བཏང་ནུག་ཟེར་ཨིན་པས།

སྤ་རོའི་ཁྲིམས་སྲུང་འགག་སྡེ་གིས་ རྩོད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *