སློབ་ཕྲུག་ཚུ་གིས་ དབང་པོ་སྐྱོན་ཅན་གྱི་ཉིནམ་ བརྩི་སྲུང་འབད་བའི་བསྒང་།

ཀྲོང་གསར་རྫོང་ཁག་ནང་ དབང་པོ་སྐྱོན་ཅན་གྱི་ཉིནམ་ བརྩི་སྲུང་འབད་ཡོདཔ།

༉ ཚང་ཁ་སློབ་གྲྭ་ལྟེ་བ་གིས་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་དེ་ གླང་མཐིལ་སློབ་གྲྭ་ཆུང་བའི་ནང་སྦེ་ བརྩི་སྲུང་འབད་ཡོདཔ་ཨིན།
ཚང་ཁ་སློབ་གྲྭ་ལྟེ་བའི་ སློབ་དཔོན་ཟླ་བ་གྲགས་པ་གིས་ སླབ་མིའི་ནང་ དུས་ཅི་གི་ལས་རིམ་དེ་ གླང་མཐིལ་ལུ་ བརྩི་སྲུང་འབད་དགོ་མི་དེ་ གསོ་བོའི་སྙན་ཞུ་དང་འཁྲིལཝ་ད་ གླང་མཐིང་རྒེད་འོག་ནང་ དབང་པོ་སྐྱོན་ཅན་ མངམ་ཡོད་མི་ལུ་བརྟེན་ གླང་མཐིལ་སློབ་གྲྭ་ཆུང་བའི་ནང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཉིནམ་བརྩི་སྲུང་སྐབས་ གླང་མཐིང་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ ལས་བྱེདཔ་དང་ མི་སེར་ དེ་བཟུམ་སྦེ་ དབང་པོ་སྐྱོན་ཅན་ཚུ་གིས་ གྲལགཏོགས་འབད་ཡོདཔ་ཨིན་པས།
ལོ་ཤུལ་མམ་ནང་འབད་བ་ཅིན་ ཉེ་འདབས་ཀྱི་ སློབ་གྲྭ་ཅིག་ནང་ འགོ་འདྲེན་འཐབ་ནི་ཟེར་ཨིནམ་ད་ འདི་བཟུམ་གྱི་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་ དམིགས་དོན་གཙོ་བོ་ཅིག་ མི་སེར་ཚུ་ལུ་ དབང་པོ་སྐྱོན་ཅན་སྐོར་ལས་ གོ་བརྡ་སྤེལ་ནི་དང་ དབང་པོ་སྐྱོན་ཅན་ཚུ་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ཞིནམ་ལས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་རེས་ནངས་པར་ ཚང་ཁ་ སློལ་གྲྭ་ལྟེ་བའི་ནང་ དབང་པོ་སྐྱོན་ཅན་གྱི་ ན་གཞོན་སློབ་ཕྲུག་༢༦ ཡོདཔ་ད་ དེ་ཚུ་ལུ་ ཁོང་རའི་ དགོས་མཁོ་དང་བསྟུན་ ཞབས་ཏོག་ཚུ་བྱིན་དོ་ཡོདཔ་ཨིན་པས།
འཛམ་གླིང་རྒྱལ་སྤྱིའི་ནང་ དབང་པོ་སྐྱོན་ཅན་གྱི་ ཉིནམ་དེ་ སྤྱི་ལོ་༡༩༩༢ ཟླ་༡༢ པའི་ཚེས་༣ ལས་འགོ་བཙུགས་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་ཡོདཔ་ད་ དུས་ཅི་ལོའི་བརྗོད་དོན་དེ་ཡང་ དབང་པོ་སྐྱོན་ཅན་ཚུ་གི་ དབུ་ཁྲིད་ཀྱི་ལས་འབྲེལ་ནང་ གྲལ་གཏོགས་འབད་ནི་དང་ སྤྱི་ལོ་༢༠༣༠ ལོའི་ གོང་འཕེལ་གྲོས་གཞི་ དང་ལེན་འབད་ནི་དེ་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *