ཁ་ཙ་ ཀྲོང་གསར་སྟངས་སི་སྦྱིས་ བཀྲིས་གླིང་ཤཝ་ཆུ་གུ་ གནས་སྐབས་ཟམ་རྐྱབ་མིའི་གུ་ལས་ ལམ་འགྲུལཔ་ཚུ་ འགྲོ་འགྲུལ་འབད་བཅུག་པའི་བསྒང་།

ཀྲོང་གསར་བཀྲིས་གླིང་ལུ་ ཆུ་རུད་ཀྱིས་ འཕྱགས་བདའ་མི་གནས་སྐབས་ཟམ་ ད་རིས་ རྐྱབ་ཚར་བའི་རེ་བ།

༉ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཀྲོང་གསར་དང་ ཐིམ་ཕུག་གི་བར་ན་ ས་གནས་བཀྲིས་གླིང་ལུ་ འཕྲལ་ཁམས་ཅིག་ཁར་བཟོ་ཡོད་མི་ གནས་སྐབས་ཀྱི་ཟམ་དེ་ འཕྱགས་བདའ་མི་ལུ་བརྟེན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཡོདཔ་ཨིན་པས།
སྟངས་སི་སྦྱིས་རྒེད་འོག་ བཀྲིས་གླིང་ཤཝ་ཆུ་གུ་ཡོད་པའི་ ཟམ་དེ་ སྤྱི་ཟླ་༦ པའི་ཚེས་༡༡ གི་ཕྱི་རུ་ ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ ཆུ་བྲེས་ཡོདཔ་ལས་ ས་གནས་ནང་གི་ཟམ་དེ་ རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་དང་ སྡེ་སྲུངཔ་ སྟངས་སི་སྦྱིས་རྒེད་འོག་ དེ་ལས་ ནི་ཀ་ཆུ་གློག་མེ་ལས་འགུལ་ལས་ ཁས་བླངས་པ་ཚུ་གིས་ རྩི་སའི་ཆུ་དུང་བཙུགས་ཏེ་ གནས་སྐབས་ཀྱི་ཟམ་ རྐྱབ་ཐོག་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་བཅུག་ཡོདཔ་ཨིན་པས།

བདེ་སྲུངཔ་དང་ ཁས་བླངས་པ་ཚུ་གིས་ བཀྲིས་གླིང་ཤཝ་ཆུ་གུ་ གནས་སྐབས་ཟམ་རྐྱབ་ནིའི་དོོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

ཀྲོང་གསར་གྱི་ ལུང་ཕྱོགས་ལམ་སེལ་ལས་ཁུངས་དང་འཁྲིལཝ་ད་ ཤཝ་ཆུ་གུ་ ད་རུང་ གནས་སྐབས་ཀྱི་ཟམ་ཅིག་ བཟོ་སྐྲུན་འབད་དགོཔ་ལས་ ཟམ་གྱི་ཅ་ཆས་ཚུ་ ས་གནས་ནང་ ལྷོད་དེ་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་ཙ་ རྩིགཔ་རྐྱབ་ནིའི་ལཱ་ཚུ་འབད་ཡོདཔ་ལས་ ད་རིས་ དྲོ་པ་ལས་ར་ ཟམ་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ཕྱི་རུ་ཁམས་ཅིག་ཁར་ སྣུམ་འཁོར་ཚུ་ ཐལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁ་ཙ་ ལམ་སེལ་ལས་ཁུངས་ཀྱིས་ ས་གནས་ནང་ལས་ ལམ་འགྲུལཔ་ཚུ་ འགྲོ་འགྲུལ་འབད་ནིའི་དོན་ལུ་ གནས་སྐབས་ཀྱི་ རྐང་ཟམ་ཅིག་ རྐྱབ་ཡོདཔ་ཨིན་པས།
ཀྲོང་གསར་དང་ ཐིམ་ཕུག་གི་བར་ན་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་བརྒྱ་ལས་བཅད་དེ་ ས་གནས་ནང་ ཐོགས་ལུས་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *