ཀོ་རི་ཡ་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེའི་ ངོ་ཚབ་ཀྱིས་ སྨན་བཅོས་མཁོ་ཆས་ཚུ་ གསོ་བ་ལྷན་ཁག་ལུ་ རྩིས་སྤྲོད་པའི་བསྒང་།

ཀོའི་ཀ་གིས་ ཀོ་བིཌ་-༡༩ གདོང་ལེན་ལུ་ སྨན་བཅོས་མཁོ་ཆས་ཀྱི་རྒྱབ་སྐྱོར།

༉ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ལུ་ གདོང་ལེན་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་དང་འབྲེལ་ ཐིམ་ཕུག་ལུ་ཡོད་མི་ ཀོ་རི་ཡ་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེའི་༼ཀོའི་ཀ༽ འབྲུག་རྒྱལ་སྤྱི་མཐུན་འབྲེལ་ལས་རིམ་ཡིག་ཚང་གིས་ ཨེ་མི་རི་ཀའི་ཌོ་ལར་༥༠,༠༠༠ དེ་ཅིག་གནས་པའི་ སྲོག་རླུང་རྒྱ་རྫི་༣༥༠ དེ་ཅིག་ གསོ་བ་ལྷན་ཁག་ལུ་ རྩིས་སྤྲོད་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཕུན་ཚོགས་གླིང་ སྨན་མཛོད་ཁང་ནང་ ཀོའི་ཀ་འབྲུག་རྒྱལ་སྤྱི་མཐུན་འབྲེལ་ལས་རིམ་ཡིག་ཚང་དང་ གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སྨན་བཅོས་མཁོ་ཆས་རྩིས་སྤྲོད་ཀྱི་ རྟེན་འབྲེལ་ནང་ བཅའ་མར་གཏོགས་ནུག།
འཕྲལ་ཁམས་ཅིག་ཁར་ གཞི་བཙུགས་འབད་མི་ ཀོའི་ཀ་ལས་རིམ་ཡིག་ཚང་གི་ངོ་ཚབ་ ཨིང་ཡོང་ཁོ་གིས་ ཀོ་རི་ཡ་རྒྱལ་ཁབ་ཀྱིས་ འབྲུག་ལུ་ རྒྱབ་སྐྱོར་གང་དྲག་འབད་ནི་ལུ་ བརྩོན་ཤུགས་བསྐྱེདཔ་དང་འབྲེལ་ ནད་ཡམས་ཀྱི་ གདོང་ལེན་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
སྲོག་རླུང་རྒྱ་རྫི་ཚུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ དགེ་ལེགས་ཕུག་ དེ་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིནམ་ད་ ནད་ཡམས་ཀོ་བིཌ་-༡༩ འི་གདོང་ལེན་ལུ་ ཀོ་རི་ཡ་གཞུང་གིས་ མ་དངུལ་ཡུ་ཨེསི་ཌི་༤༠༠,༠༠༠ གནས་པའི་ བརྟག་དཔྱད་མཁོ་ཆས་ཚུ་ཡང་ དུས་ཅི་ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
ཀོའི་ཀ་ལས་སྡེ་དེ་ སྤྱི་ལོ་༡༩༩༡ ལུ་ ཀོ་རི་ཡ་རྒྱལ་ཁབ་ཀྱིས་ གཞི་བཙུགས་འབད་ཡོདཔ་ད་ ཁས་བླངས་ཐོག་ལས་ འཛམ་གླིང་ལུ་ མ་དངུལ་དང་ འཕྲུལ་རིག་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ རྒྱབ་སྐྱོར་འབདཝ་ཨིན་པས།
གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་པཱན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ འབྲུག་ལུ་ ག་ཅི་ར་ཨིན་རུང་ ནང་འདྲེན་ཐོག་ ཞབས་ཏོག་སྤྱོད་དོ་ཡོདཔ་ལས་ ད་རེས་ ཀོ་རི་ཡ་གཞུང་དང་ ཀོའི་ཀ་མཉམ་འབྲེལ་ལས་སྡེའི་ ཁ་ཐུག་ལས་ རྒྱབ་སྐྱོར་འབད་མི་དེ་གིས་ ནད་ཡམས་ཀྱི་ གདོང་ལེན་འབད་ནི་ལུ་ ལྷན་ཐབས་སྦོམ་འབྱུང་ཡི་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *