ཀོ་རོ་ན་བའེ་རཱསི་(COVID-19) ནད་འབུབ་ཀྱི་ གསོ་བའི་བསླབ་བཀོད།

༉ སྤྱི་ཟླ་༣ པའི་ཚེས་༢༢ ཀྱི་ཧེ་མ་ལས་ རང་སོའི་ཁྱིམ་ནང་ ཟུར་བརྟག་སྦེ་བཞག་མི་ ལོ་ན་མ་སྨིན་མི་དང་ ཚབས་ཆེན་གྱི་ནདཔ་ཚུ་གིས་ གསོ་བ་ལྷན་ཁག་གིས་ ཁྱབ་བསྒྲགས་འབད་ཡོད་པའི་ འབད་ཆོག་མ་ཆོག་གི་ བཀོད་རྒྱ་ཚུ་ལུ་ གནས་གནང་ཟེར་ ཞུ་བ་འབདཝ་ཨིན་མས།
གལ་སྲིད་ འདི་ལུ་གནས་མ་བཏུབ་པ་ཅིན་ བཟོད་བསྲན་མེད་པའི་ལམ་ལུགས་དང་འཁྲིལ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་(འཕྲི་སྣོན་) བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༤༡༠ པ་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་བཅའ་ཁྲིམས་༢༠༠༤ ཅན་མའི་དོན་ཚན་༤༤༨ པ་དང་འཁྲིལ་ཏེ་ ངོས་ལེན་འབད་ནི་ཟེར་ཨིན་པས།
དེ་འབདཝ་ལས་ ག་ར་གིས་ རང་སོའི་ཁྱིམ་ནང་ སྡོད་ནི་དང་ སྤུང་འཛོམས་འབད་ནི་ལས་འཛེམ་གནང་ཟེར་ གསོ་བ་ལྷན་ཁག་གིས་ དྲན་བསྐུལ་འབདཝ་བཞིན་དུ་ ནད་གཞི་གི་ ཉེན་ཁ་ཆེ་ཧིང་དང་འཁྲིལ་ཏེ་ མི་རྒན་རྒས་ཚུ་ལུ་ དམིགས་བསལ་གྱི་ རྒྱབ་སྐྱོར་ཕུལ་གནང་ཟེར་ ཞུ་བ་འབདཝ་ཨིན་པས།
ཉེས་འགེལ་ཁྲིམས་དེབ།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༡༡ ཅན་མའི་དོན་ཚན་༤༡༠ ཅན་མ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་ཅིག་གིས་ ཤེས་བཞིན་ནམ་ སྣང་མེད་ཀྱི་ཐོག་ལས་ མི་ངོ་ཅིག་གམ་ མི་མང་གི་ ཉེན་སྲུང་ངམ་ འཕྲོད་བསྟེན་དང་ ཧ་ཅང་ ནད་གཞི་གདུག་དྲགས་ཚུ་སྤེལ་ཏེ་ ཉེན་འཚུབས་བཀལ་ནིའི་ ཆ་རྐྱེན་བརྩམས་པའམ་ རྒྱུན་སྐྱོང་འཐབ་པ་ཅིན་ རྩོད་ཟླ་དེ་ ཉེས་ཅན་འཚེར་གཟན་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་ལས་ ཉེས་ཕྲའི་ཉེས་ཁྲིམས་དང་ གལ་སྲིད་ ནད་གཞི་གདུག་དྲགས་དེ་གིས་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་སྦོམ་ཡོད་ཚེ་ དབྱེ་རིམ་བཞི་པའི་ ཉེས་ཆེན་སྨིན་དགོཔ་ཨིན་པས།
ཁྲིམས་དེབ་༢༠༠༠ ཅན་མའི་དོན་ཚན་༤༤༨ པའི་འབངས་ཀྱི་བདེ་སྲུང་དང་ ལྷོད་འཇགས་ཀྱི་བར་རྐྱེན་ནང་ གལ་སྲིད་ རྩོད་ཟླ་ཅིག་གིས་ བསམ་སྦྱོར་གྱི་སྒོ་ལས་ མི་མང་གི་ཉེན་སྲུང་དང་ འབངས་ཀྱི་བདེ་སྲུང་ ལྷོད་འཇགས་བཅས་ཀྱི་ མཐའ་དོན་ལུ་ རྒྱལ་གཞུང་ལས་གནང་བའི་ བཀའ་རྒྱ་ལུ་ མ་གནས་པ་ཅིན་ རྩོད་ཟླ་དེ་ འབངས་ཀྱི་བདེ་སྲུང་དང་ ལྷོད་འཇགས་ལུ་ བར་རྐྱེན་རྐྱབ་པའི་ གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་ལས་ ཉེས་པ་ཡང་ཕྲ་སྨིན་དགོཔ་ཨིན་པས།

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *