ཀོ་རི་ཡའི་གཞུང་ཚབ་ ཀཱང་ཨིལ་ཧུ་དང་ ཕྱི་འབྲེལ་དྲུང་ཆེན་ ཀུན་དགའ་སེངྒེ།

ཀོ་རི་ཡ་གཞུང་གིས་ འབྲུག་ལུ་ མགྲོན་སྐྱོང་གི་ སྣུམ་འཁོར་༧ བྱིན་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་གི་དོན་ལས་ ཀོ་རི་ཡའི་གཞུང་ཚབ་ ཀཱང་ཨིལ་ཧུ་གིས་ ཕྱི་འབྲེལ་ལྷན་ཁག་གི་དྲུང་ཆེན་ ཀུན་དགའ་སེངྒེ་ལུ་ མགྲོན་སྐྱོང་སྣུམ་འཁོར་༧ རྩིས་སྤྲོད་ནུག།
སྣུམ་འཁོར་རྩིས་སྤྲོད་ཀྱི་ རྟེན་འབྲེལ་ནང་ ཕྱི་འཕྲེལ་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ དེ་ལས་ འགོ་དཔོན་གཞན་ཚུ་གིས་ གྲལ་གཏོགས་འབད་ནུག།
ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མགྲོན་སྐྱོན་སྣུམ་འཁོར་ཡང་ ཀོ་རི་ཡ་གཞུང་གིས་ གྲོགས་རམ་རྒྱབ་སྐྱོར་ལས་རིམ་ཆུང་བའི་ཐོག་ལས་ ཕྱི་འབྲེལ་ལྷན་ཁག་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིནམ་ད་ ད་ཚུན་ ཀོ་རི་ཡ་རྒྱལ་ཁབ་ཀྱིས་ འབྲུག་ལུ་ སྣུམ་འཁོར་༡༨ གྲོགས་རམ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༧ ལས་ འབྲུག་དང་ ཀོ་རི་ཡ་རྒྱལ་ཁབ་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *